བཙན་བྱོལ་བོད་མིའི་གཞི་རིམ་བར་མའི་དགེ་རྒན་གྱི་ཟབ་སྦྱོང་།

བཙན་བྱོལ་ནང་གི་གཞི་རིམ་བར་མའི་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་མཇུག་བསྒྲིལ་གནང་འདུག

2012.03.29

༄༅༎ཕྱི་ཟླ་འདིའི་ཚེས་ ༢༧ ཉིན་ རྡ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་ གཞི་རིམ་བར་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་གནང་ཡོད་པ་རེད་ ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་འདིར་ བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་དགེ་རྒན་ ༣༠ ཙམ་མཉམ་ཞུགས་ཀྱི་ཉིན་དྲུག་རིང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུས་པའི་ཆེད་ལས་དང་མཁས་པའི་མི་སྣ་དྲུག་ཙམ་གྱིས་སློབ་ཁྲིད་གནང་བཞག་ ཁ་ས་ཚེས་༢༧ཉིན་ ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོག་བློ་བཟང་སེང་གེ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག་ལ་ མཛད་སྒོའི་ཐོག་  ས་ར་མཐོ་སློབ་ཀྱི་སློབ་སྤྱི་དང་ ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་རྣམ་པ་བཅས་ལྷན་འཛོམས་ཀྱི་ཟབ་སྦྱོང་གི་ལས་དོན་ངོ་སྤྲོད་ཞུས་པ་དང་དེ་རྗེས་ཟབ་སྦྱོང་བ་རྣམས་ནས་ ཤེས་ཡོན་སྲིད་བྱུས་དེས་སློབ་མ་རྣམས་ཀྱི་མ་སྐད་ཀྱི་རྨང་གཞི་ཚུགས་པ་མ་ཟད་ སློབ་སྦྱོང་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་མྱོང་བ་དང་ མིའི་བཟང་སྤྱོད་གོང་འཕེལ་ཐད་ལ་ལེགས་སྐྱེད་དང་ བོད་ཀྱི་རིག་གཞུང་ངོས་འཛིན་དང་་ བདག་གཅེས་ཐུབ་རྒྱུར་འདི་འདྲ་བའི་མཐུན་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་མྱོང་བ་ངོ་སྤྲོད་གནང་ཡོད་འདུག མཇུག་སྡོམ་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་ལགས་ཀྱིས་ ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གསོལ་སྩལ་གནང་པ་དང་ ཆབས་ཅིག་ཕྲུ་གུ་ཚོར་ཤེས་ཡོན་གྱི་སློབ་གསོ་ཐོབ་རྒྱུར་འཛིན་ཁང་ནང་དུ་སློབ་འཁྲིད་ཀྱི་གསུངས་བཤད་ཙམ་མ་ཟད་ཁ་ཡོད་ལག་ཡོད་བརྩེ་བའི་ཐོག་ནས་བཟང་སྤྱོད་རྒྱུད་ལ་འཇགས་རྒྱུར་འབད་བརྩོན་གནང་རྒྱུ་གལ་ཆེ་ཡིན་སྐོར་ལམ་སྟོན་བཀའ་སློབ་གནང་བཞག བཀའ་ཁྲི་མཆོག་གིས་གསུངས་ན་ ཤེས་ཡོན་ཡར་རྒྱས་གཏོང་བར་གཙོ་བོ་འཛིན་སྐྱོང་ཐོག་ནས་མཐུན་རྐྱེན་གང་ལེགས་བསྐྲུན་གལ་ཆེ་ལ་ སློབ་གྲྭའི་འགན་འཛིན་རྣམ་པ་ཚོས་ཀྱང་ མཐུན་རྐྱེན་བེད་སྤྱོད་གང་ལེགས་གཏོང་གལ་ཆེ་བ་ཡིན་ དགེ་རྒན་གྱིས་སློབ་ཁྲིད་འོག་སློབ་ཕྲུག་ཚོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་དང་ དེ་དང་དེ་བཞིན་ཕ་མ་ཚོས་ཀྱང་ཕྲུ་གུའི་ཤེས་ཡོན་ཐོག་རྒྱབ་སྐྱོར་གྱི་འབད་བརྩོན་བྱས་ཚེ་ ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད་ཅེས་ནན་བརྗོད་གནང་འདུག་ལ་ དེ་བཞིན་སྐབས་ ༡༤ པའི་བཀའ་ཤག་ངོས་ནས་ ཤེས་ཡོན་དེ་གལ་ཆེ་ཤོས་དང་དགེ་རྒན་ལ་བརྩི་ཐོངས་ཆེ་ཤོས་ཞུ་བཞིན་པའི་ཐོག དབུས་བོད་སློབ་འཛིན་ཚོགས་དང་འབྲེལ་བའི་ཐོག་ནས་ དགེ་རྒན་གྱི་མཐུན་རྐྱེན་ཡར་རྒྱས་ཡང་གང་ཐུབ་ཀྱིས་འབད་བརྩོན་ཞུ་བཞིན་ཡོད་ཅེས་གསུང་བཤད་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎