ཉལ་ཐ་འགོག་ཐབས་ཀྱི་ཟབ་སྦྱོང་།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་པའི་སློབ་གྲྭའི་ནང་ཉལ་ཐའི་དུག་རྫས་རིགས་སྔོན་འགོག་བྱེད་ཐབས་དང་སྨན་བཅོས་ཀྱི་ཐབས་ལམ་སྐོར་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་རེད།

2012.11.09

༄༅།    ། རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་ནང་ཉལ་ཐ་ཡི་དུག་རྫས་སྔོན་འགོག་དང་སྨན་བཅོས་བྱེད་ཐབས་ཀྱི་ཟབ་སྦྱོང་དེ་ནི་ཕྱི་ཟླ་༡༡ཚེས་༧ ནས་༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་བོད་མི་གནས་སྡོད་བྱེད་ཡུལ་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་གནང་ཡོད་པ་དང༌། ཟབ་སྦྱོང་དེའི་ནང་བཙན་བྱོལ་བོད་མིའི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭའི་འཛིམ་རིམ་༡༢ ཀྱི་སློབ་མ་༨ དང། སློབ་གྲྭའི་འགན་འཛིན། སློབ་དགེ སློབ་གྲྭའི་འཕྲོད་བསྟེན་ཚོགས་ཆུང་གི་སློབ་ཕྲུག་གི་འཐུས་མི་རེ་བཅས་མི་གྲངས་༡༧ དང་། བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ཀྱི་བོད་ཁྱིམ་ཡན་ལག་སློབ་གྲྭ་ཁག་༧ གྱི་སློབ་དགེ་དང༌། མདུན་ལམ་སློབ་སྟོན་པ། ལས་བྱེད་པ། སློབ་ཕྲུག་གི་འཐུས་མི་བཅས་མི་གྲངས་༡༤   དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དྲུང་ཆེ་དང༌། ཤེས་ཡོན་འགན་འཛིན། སམ་བྷོ་ཊ་བོད་པའི་སློབ་གྲྭའི་ཁྱབ་ཁོངས་ཀྱི་སྤོན་ཊ་བོད་མིའི་གཞིས་ཆགས་སུ་ཡོད་པའི་ཡན་ལག་སློབ་གྲྭ་དང༌། བདེ་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་བོད་པའི་ཉིན་མོའི་སློབ་གྲྭའི་སློབ་སྤྱི་དང༌། དགེ་རྒན། སློབ་ཕྲུག་གི་འཐུས་མི་བཅས་ཁྱོན་སློབ་གྲྭ་ཁག་གི་སྐུ་ཚབ་མི་གྲངས་༣༦ ལ་ཟབ་སྦྱོང་གནང་ཡོད་པ་རེད།
ད་རེས་ཀྱི་ཟབ་སྦྱོང་ཐོག་གཙོ་བོ།    དེ་སྔ་ཐ་མ་དུག་རྫས་སྔོན་འགོག་བྱ་ཐབས་སྐོར་ལ་གྲོས་མོལ་བྱུང་བ་ཁག་ལ་བསྐྱར་ཞིབ་དང༌། བགྲོ་གླེང༌། ལེགས་སྤེལ་ཉེས་འགོག མ་འོངས་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་གོ་བསྡུར་གནང་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎