རྒྱ་མིའི་བཟོ་པ་༡༠༠༠ཙམ་གྱིས་གླ་ཕོགས་ཆད་པ་སྤྲོད་པའི་རེ་འདུན།

ཧྲང་ཧད་ཀྱི་གློག་འཕྲུལ་བཟོ་གྲྭ་གཉིས་ཀྱི་བཟོ་པ་ཆིག་སྟོང་ཙམ་གྱིས་བཟོ་གྲྭའི་ཕྱི་རོལ་དུ་གླ་ཕོགས་ཆད་པ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

2008.12.10

༄༅༎དེའང་ཧྲང་ཧད་ཀྱི་གློག་འཕྲུལ་བཟོ་གྲྭ་གཉིས་ཀྱི་བཟོ་པ་ཧ་ལམ་ཆིག་སྟོང་ཙམ་གྱིས་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་འགོ་བཙུགས་ཉིན་གཉིས་རིང་བཟོ་གྲྭའི་ཕྱི་རོལ་དུ་འགོག་རྒོལ་བྱས་ཏེ་གླ་ཕོགས་ཆད་པ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག

གནས་ཚུལ་ཐོན་པར་ལྟར་ན་ཁྲོམ་བསྐོར་བྱེད་པའི་སྐབས་བཟོ་པ་དང་བདེ་སྲུང་མི་སྣའི་བར་གདོང་ཐུག་བྱུང་ནས་བཟོ་པ་འགའ་ཤས་རྨས་སྐྱོན་ཕོག་པ་དང་གཞན་བཟོ་པ་འགའ་ཤས་ཉེན་རྟོག་པས་བཟུང་ཁྲིད་བྱས་ཡོད་པ་རེད། འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཉེན་ཚབས་ཀྱིས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཁེ་ལས་བཟོ་གྲྭ་གྲངས་ལས་འདས་པ་སྒོ་བརྒྱབ་དགོས་པ་ཆགས་པའི་རྐྱེན་ལས་བཟོ་པས་ངོ་རྒོལ་རྔམ་སྟོན་རྒྱུན་མི་ཆད་པར་ཡོངས་ཁྱབ་ཏུ་གནས་པ་རིའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་གཏོང་སྤེལ་བྱས་འདུག འོན་ཀྱང་ད་ལམ་ཧྲང་ཧད་དུ་འགོག་རྒོལ་བྱེད་པ་དེ་ནི་ཐེངས་དང་པོ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྲས་ཤིག་ཡིན་པ་རེད། གོང་གསལ་བཟོ་གྲྭ་དེའི་བཟོ་པས་བཤད་ཡག་བྱས་ན་བཟོ་གྲྭའི་ཐོན་སྐྱེད་མཚམས་བཞག་པའི་རྗེས་ཁོང་ཚོར་ཟབ་སྦྱོང་དང་ཡང་ན་བཟོ་གྲྭ་གཞན་ལ་གནས་བསྒྱུར་ལས་ཀར་འགྲོ་དགོས་པའི་བརྡ་ཐོ་འབྱོར་ཞིང་ཡིན་ནའང་བཟོ་པ་ཚོས་གླ་ཕོགས་ཆད་པ་རྣམས་མ་སྤྲད་བར་དུ་བཟོ་གྲྭ་ནས་ཁ་བྲལ་རྒྱུ་ཁས་ལེན་བྱེད་ཀྱི་མེད་པ་གསལ་འགྲེལ་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎