ཨི་རན་ཉེན་སྲུང་པས་ངོ་རྒོལ་བ་བཞི་རྐྱེན་ལམ་དུ་བཏང་བ།

ཨི་རན་ཉེན་རྟོག་སྐོར་སྲུང་བས་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མང་ཚོགས་ཐོག་མེ་མདའ་རྒྱབ་སྟེ་ངོ་རྒོལ་བྱ་མི་བཞི་རྐྱེན་ལམ་དུ་བཏང་ཡོད་འདུག

2009.12.27

༄༅༎ཨི་རན་གཞུང་གི་ཉེན་རྟོག་སྐོར་སྲུང་བས་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མང་ཚོགས་ཐོག་མེ་མདའ་རྒྱབ་སྟེ་ངོ་རྒོལ་བྱ་མི་བཞི་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར་ཨ་རིའི་ལྦ་ཤིང་ཊོན་ཕོ་ཉ་དང་སྦི་སྦི་སི་གསར་འགྱུར་ལས་ཁང་བཅས་ཀྱིས་གནས་ཚུལ་སྤེལ་བཞིན་ཡོད་པ་རེད་

ཨི་རན་གྱི་ནང་ཕྱོགས་འགལ་སྲིད་དོན་ཚོགས་པའི་ཚོགས་མི་ཚོས་ཕྱི་ཟླ་དྲུག་པའི་སྲིད་འཛིན་གྱི་འོས་བསྡུ་དེ་དྲང་པོ་ཞིག་བྱུང་མེད་པ་དང་སྲིད་འཛིན་མཱ་མུརྡ་ཨེ་མ་རྡི་ནི་ཇའ་རྡི་སྲིད་འཛིན་གྱི་གོ་གནས་ལ་སྐྱར་དུ་འདེམས་བསྐོ་བྱུང་བ་དེ་དྲང་པོ་མིན་པའི་རྩོད་གླེང་དང་འབྲེལ་གོ་སྐབས་ནམ་བྱུང་ལ་གཞུང་ལ་མུ་མཐུད་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ ཨི་རན་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དེ་ད་རེས་ཉིན་ཤས་གོང་ཨི་རན་གཞུང་དང་ཆབ་སྲིད་ལྟ་བ་མི་མཐུན་པ་འཛིན་མཁན་གྱི་ཨི་རན་གྱི་བློན་ཆེན་གྲས་ཨ་ཡ་ཏོ་ལ་ཧོ་སེན་ཨ་ལི་མོན་ཀྲ་ཛེ་རི་འདས་གྲོངས་སུ་གྱུར་བའི་རྗེས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་ད་རེས་ཉིན་ཤས་རིང་མང་ཚོགས་ཀྱིས་ཤི་ཡཏ་ཁ་ཆེའི་ཨ་ཤུ་ར་ཞེས་ཆོས་ཕྱོགས་ཀྱི་དུས་ཆེན་དང་འབྲེལ་སླར་ཡང་གཞུང་ལ་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་

ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་གཞུང་གིས་མང་ཚོགས་ཀྱི་ངོ་རྒོལ་བཀག་སྡོམ་གྱི་ཆེད་ ཁྲོམ་གཞུང་ཁག་ལ་ཉེན་རྟོག་དཔུང་དམག་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང་ཉེན་རྟོག་སྐོར་སྲུང་བ་ཚོས་བར་སྣང་ནས་ཐད་ཕུར་གནམ་གྲུའི་ནང་ནས་ཀྱང་སྐོར་བསྐྱོད་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་པ་རེད་

ཨ་རིའི་གསར་ཤོག་ལྦ་ཤིང་ཊོན་ཕོ་ཉས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ཁ་སའི་ངོ་རྒོལ་གཙོ་བོ་ཞིག་རྒྱལ་ས་ཀྲེ་རའན་གྱི་གཞུང་ལམ་ཨ་མའི་ཉེ་འཁོར་ལ་བྱུང་ཡོད་པ་དང་སྐབས་དེར་མང་ཚོགས་དང་གཞུང་གི་ཉེན་རྟོག་སྐོར་སྲུང་བའི་དབར་རྡོ་དང་དབྱུགས་པ་སོགས་བཞུ་རེ་བྱུང་ཡོད་སྐོར་བཀོད་ཡོད་པ་རེད་

ཨི་རན་གྱི་གཞུང་འབྲེལ་གསར་འགྱུར་ལས་ཁང་ཁག་གིས་ངོ་རྒོལ་བྱེད་མཁན་གྱི་མང་ཚོགས་ཐོག་ཨི་རན་གྱི་ཉེན་རྟོག་སྐོར་སྲུང་བས་མེ་མདའ་རྒྱབ་བཞག་པ་མེད་པ་དང་མི་མང་ཚེ་སྲོག་སྐྱོན་བྱུང་བའི་དོན་རྐྱེན་དེ་འདྲ་གང་ཡང་བྱུང་མེད་པ་དང་གནས་ཚུལ་དེ་རིགས་ནུབ་ཕྱོགས་ཡུལ་ཁག་ཚོས་ཨི་རན་ནང་རྙོག་གླེང་བཟོ་ཕྱིར་ཁུངས་མེད་ཀྱི་སྐྲོག་གཏམ་སྤེལ་གྱི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎