འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ཁུངས་སྐོར་གསལ་བཤད་དགོས་པ་དང་གནས་བསྡུས་རེའུ་མིག་ཁག་མཁོ་སྤྲོད་དགོས་སྐོར་གསུངས་འདུག

2024.12.31
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ཁུངས་སྐོར་གསལ་བཤད་དགོས་པ་དང་གནས་བསྡུས་རེའུ་མིག་ཁག་མཁོ་སྤྲོད་དགོས་སྐོར་གསུངས་འདུག
AP

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ཉིན་མོ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཕྱི་ལོ་ ༢༠༡༩ ལོར་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་བྱུང་སྟེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཕྱིན་ཏེ་ལོ་ ༥ འཁོར་བའི་དུས་དྲན་དྲན་གསོ་དང་བསྟུན་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་ཡམས་བྱུང་ཁུངས་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་དེའི་སྐོར་གནས་བསྡུས་རེའུ་མིག་ཁག་མཁོ་སྤྲོད་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་འདུག    དེ་ནི་མ་འོངས་པར་ནད་ཡམས་དེ་རིགས་དུས་ཐོག་སྔོན་འགོག་ཐུབ་ཆེད་ཏོག་དབྱིབས་ནད་འབུ་དེ་རིགས་ཀྱི་བྱུང་ཁུངས་སྐོར་ཤེས་རྟོགས་དགོས་པ་གལ་གནད་ཆེན་པོ་ཡིན་པར་བརྟེན།  ཕྱི་གསལ་གནང་རྒྱུ་དེ་ནི་བཟང་སྤྱོད་དང་མཐུན་པ་ཡིན་ཞིང་། ཚན་རིག་ཐོག་ནས་ཀྱང་དགོས་མཁོ་ངེས་ཅན་ཞིག་ཡིན་སྐོར་ནན་བརྗོད་གནང་འདུག
རྒྱ་ནག་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་ཡམས་འདི་ནི་འཛམ་གླིང་གི་ས་གནས་གང་སར་ཁྱབ་གདལ་ཕྱིན་ནས་མི་མང་ས་ཡ་ ༧༠༤ ལ་ནད་ཡམས་དེ་ཕོག་ཡོད་ཅིང་།  མི་གྲངས་ས་ཡ་ ༧ ལྷག་ཙམ་འདས་གྲོངས་བྱུང་པ་དེས་འཇམ་གླིང་ཁྱོན་དུ་ཤུགས་རྐྱེན་ངན་པ་ཐེབས་ཤིང་བག་ཆགས་ངན་པ་ཞིག་བྱུང་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས། ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་ཞུ་དགོས་པ་དང་ཏོག་དབྱིབས་ནད་ཡམས་ཀྱིས་ད་ལྟ་ཡང་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་རྣམས་ཀྱི་དཀའ་སྡུག་ལ་ངོས་འཛིན་གནང་སྟེ་དཀའ་ཚེགས་ཆེ་བའི་གནས་སྟངས་དེ་ནས་སློབ་གསོ་ལེན་ཏེ་མ་འོངས་པར་འཕྲོད་བསྟེན་གྱི་གནས་སྟངས་ཇེ་ལེགས་སུ་འགྲོ་བའི་རེ་འདུན་ཡང་བཏོན་གནང་འདུག་ལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ནད་ཡམས་ཀྱི་གནས་སྟངས་ལ་ཕྱི་མིག་ལྟ་བའི་དུས་འདིར་འཛམ་གླིང་མི་མང་ཡོངས་ཀྱི་འཕྲོད་བསྟེན་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ནང་མཉམ་འབྲེལ་གྱི་གདོང་ལེན་བྱ་དགོས་པ་གལ་ཆེ་ཡིན་སྐོར་ཡང་ནན་བརྗོད་གནང་འདུག
རྒྱ་ནག་གི་གྲོང་ཁྱེར་ཝུ་ཝན་ནས་ཏོག་དབྱིབས་ནད་འབུ་བྱུང་པའི་གནས་ཚུལ་དེ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་༣༡ ཉིན་ཐོག་མར་ཐོན་པ་དང་། དེ་ནས་ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་འཛམ་གླིང་རྒྱལ་ཡོངས་ལ་ནད་ཡམས་དེའི་སྐོར་དོགས་ཟོན་དགོས་པའི་སྔོན་བརྡ་བཏང་པ་དང་། གཏོང་རྒྱུ་དང་SARS-CoV-2 ཞེས་པའི་ནད་འབུར་རྟོག་ཞིབ་བྱ་ཡུལ་རྟག་དཔྱད་ཁང་གསར་བཟོ་སོགས་ཛ་དྲག་གི་ལས་དོན་བྱེད་ཕྱོགས་ཀྱི་ལམ་ལུགས་ལག་བསྟར་བྱས་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་གལ་ཏེ་རྒྱ་ནག་ངོས་ནས་ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ཁུངས་དང་འབྲེལ་བའི་གནས་ཚུལ་ཐད་མཐུན་འགྱུར་དང་མཉམ་འབྲེལ་ཆ་ཚང་མ་བྱས་ཚེ་མ་འོངས་པར་ནད་ཡམས་དེ་རིགས་སྔོན་འགོག་དང་གདོང་ལེན་བྱ་རྒྱུར་འཛམ་གླིང་སྤྱིའི་ངོས་ནས་གྲ་སྒྲིག་བྱེད་ཐུབ་རྒྱུར་ཡན་གནས་ཀྱི་ཐབས་ལམ་འཚོལ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྗོད་འདུག

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎