རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༧པའི་ཚང་འཛོམས།

རྒྱ་ནག་གི་སྲིད་བློན་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་སྐོར་ཡོངས་བསྒྲགས་ཀྱི་བཀའ་མོལ་ཐེངས་ཁ་ཤས་གནང་བ།

2010.10.15

༄༅༎རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་ཉེ་བའི་ཟླ་ཤས་ནང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་སྐོར་ཡོངས་བསྒྲགས་ཀྱི་བཀའ་མོལ་ཐེངས་ཁ་ཤས་གནང་ཡོད་པ་དང་སྲིད་བློན་དབུན་ཅའ་བའོ་ཡིས་ད་ལོ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་སྐོར་གྱི་བཀའ་མོལ་གནང་བའི་སྐབས་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་ཀྱི་འགན་ལེན་མེད་ཚེ་དཔལ་འབྱོར་ལམ་ལུགས་སྒྱུར་བཅོས་ཀྱི་འབྲས་བུར་ཕམ་ཉེས་འགྲོ་རྒྱུ་ཡིན་པའི་ཁར་ མི་མང་གིས་དམངས་གཙོ་དང་རང་དབང་གི་འདུན་པ་ཤུགས་ཆེ་བཏོན་བཞིན་པ་དེ་ནི་འགོག་ཐབས་མེད་པ་ཞིག་རེད་ཅེས་གསུང་ཡོད་པ་རེད་

ཡིན་ན་ཡང་དེ་རིང་གཟའ་པ་སངས་ཉིན་ནས་དུས་ཡུན་ཉིན་གྲངས་བཞིའི་རིང་ཚོགས་རྒྱུའི་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་མི་ཐོ་གྲས་ཉིས་བརྒྱ་ལྷག་ཙམ་མཉམ་བཞུགས་ཀྱིས་གུང་ཁྲན་ཚོགས་པའི་སྐབས་བཅུ་བདུན་པའི་ཚོགས་ཐེངས་ལྔ་པའི་ཐོག་སྲིད་བློན་དབུན་ཅའ་བའོ་ཡིས་གོང་ཞུས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྒྱུར་བཅོས་སྐོར་གྱི་ནང་དོན་གཞུང་འབྲེལ་གྲོས་འཆར་ནང་འདོན་བཟོ་མེད་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་པ་རེད་ ཧོང་ཀོང་སློབ་གྲ་ཆེན་མོའི་ཚན་རིག་དང་དེང་དུས་ལག་རྩལ་སྡེ་ཚན་གྱི་མཁས་དབང་ཏང་ཞུའུ་ལིང་གིས་གསུང་ན་ དབུན་ཅའ་བའོ་ཡིས་བཀའ་མོལ་དེ་ཚོས་མི་ཁག་ཅིག་ལ་དངངས་ཚབས་བཟོས་ཡོད་པའི་སྐོར་གསུངས་འདུག

དེ་རིང་ནས་ཚོགས་བཞིན་པའི་རྒྱ་ནག་གུང་ཁྲན་ཚོགས་པའི་སྐབས་བཅུ་བདུན་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོགགཙོ་བོ་མ་འོངས་ལོ་ངོ་ལྔའི་རིང་རྒྱ་ནག་གི་སྤྱི་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ཐོག་གྲོས་མོལ་གནང་འཆར་ཡོད་པ་འབྲེལ་ཡོད་མི་སྣ་ཚོས་ངོས་འཛིན་གནང་གི་ཡོད་པ་དང་ དེ་བཞིན་དབུལ་ཕྱུག་བར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ་སོགས་མི་མང་གི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཁག་གི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ དེ་མིན་ཚོགས་ཆེན་དེའི་ཐོག་ཕྱི་ཕྱོགས་ནས་དོ་སྣང་བྱེད་ཡས་གལ་ཆེ་ཞིག་ནི་  རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་གཞོན་པ་ཞིའི་ཅིང་བིང་ད་རེས་ཀྱི་ལྷན་ཚོགས་དེའི་ཐོགརྒྱ་ནག་དམག་དོན་ལྷན་ཁང་གི་འགོ་ཁྲིད་གཞོན་པར་འདེམས་བསྐོ་བྱེད་མིན་དེ་ཡིན་པ་དང་དེས་མ་འོངས་རྒྱ་ནག་གི་འགོ་ཁྲིད་གསར་པ་སུ་ཡིན་མིན་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎