རྒྱ་ནག་དང་ཐེ་དབན་བར་ཚོང་འབྲེལ་རྒྱ་ཆེ་གཏང་འཆར།

ཐེ་དབན་གོ་མིང་ཏང་གཞུང་གིས་རྒྱ་ནག་དང་གཞི་རྒྱ་ཆེ་བའི་ཚོང་འབྲེལ་གྱི་གྲོས་མཐུན་གཞག་རྒྱུའི་འཆར་གཞི་བྱེད་པའི་གནས་སྟངས་སྐོར།

2009.06.14

༄༅༎ཐེ་དབན་གོ་མིང་ཏང་གཞུང་གིས་རྒྱ་ནག་དང་གཞི་རྒྱ་ཆེ་བའི་ཚོང་འབྲེལ་གྱི་གྲོས་མཐུན་གཞག་རྒྱུའི་འཆར་གཞི་བྱེད་པའི་གནས་སྟངས་ཐོག་ཐེ་དབན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པས་གྲོས་མཐུན་བཞག་མིན་ངེས་པར་དུ་མི་དམངས་ཀྱི་མང་མོས་འོས་བསྡུ་བྱ་དགོས་ཀྱི་རེད་ཅེས་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

རེས་གཟའ་ཉི་མའི་ཉིན་ཐེ་དབན་རང་བཙན་ཕྱོགས་སུ་མདུན་བསྐྱོད་བྱེད་མཁན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་ཐསའེ་ཡིང་བེན་གྱིས་གསར་འགོད་མཐུན་ཟེར་བ་གཞག་རྒྱུའི་ནང་དོན་དེ་ནི་མ་འོངས་པའི་ཐེ་དབན་གྱི་ཐག་གཅོད་ཅིག་ཡིན་པར་བརྟེན་ནས་གནད་དོན་དེའི་ཐོག་སྲིད་འཛིན་མ་ཡིང་ཅའོ་ཡི་གཞུང་འཛིན་གྱིས་ཐག་གཅོད་བྱེད་པ་ལས་ཐེ་དབན་མི་དམངས་ཀྱི་ངོས་ནས་འོས་ཤོག་འཕེན་པའི་མང་མོས་ཐག་གཅོད་བྱ་དགོས་ཀྱི་རེད་ཅེས་རེ་འདུན་ཞུ་གི་ཡོད། གལ་ཏེ་ང་ཚོའི་རེ་འདུན་ཞུས་པ་བཞིན་མི་དམངས་ཀྱི་མང་མོས་འོས་བསྡུའི་ལས་དོན་སྤེལ་ཐུབ་པ་ཡིན་ཚེ་ན་ནིང་ཐེ་དབན་གྱི་སྲིད་འཛིན་གྱི་འོས་བསྡུའི་ནང་གོ་མིང་ཏང་ལ་རྒྱལ་ཁ་ཐོབ་སྟེ་དམངས་གཙོ་ཡར་རྒྱས་ཚོགས་པ་ཕམ་ཉེས་བྱུང་སྟེ་སྲིད་དབང་ཤོར་བའི་རྗེས་མི་དམངས་ཀྱིས་མང་མོས་འོས་བསྡུའི་ལས་དོན་སྤེལ་བ་ཐེངས་དང་པོ་འགྱུར་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་ངོས་ནས་མ་འོངས་པར་གནད་དོན་དེའི་ཐོག་ཁྲིམས་མཐུན་གྱི་སྒོ་ནས་འོས་བསྡུ་ལས་དོན་འགོ་བཙུགས་ཐུབ་པར་སྔོན་ལ་ལས་དོན་གྱི་རིམ་ཁག་གཉིས་ཚང་དགོས་པའི་ནང་ནས་གཅིག་རིང་མིན་ཕྱི་ཟླ་བདུན་པའི་འགོ་སྟོད་ནང་ཚུད་ལ་མི་དམངས་ཀྱི་ས་ཡིག་ཉུང་མཐར་ཁྲི་བརྒྱད་བསྡུ་རུབ་བྱ་ཐུབ་པའི་དམིགས་ཡུལ་འཛིན་རྒྱུ་ཡིན་པ་དང་གལ་ཏེ་ཁོང་ཚོའི་དམིགས་ཡུལ་བཞིན་མུ་མཐུད་ཁ་ཕྱོགས་སུ་བསྐྱོད་ཐུབ་པ་དང་ས་ཡིག་བསྡུ་རུབ་ཐོག་མའི་དམིགས་ཡུལ་བཞིན་མངོན་འགྱུར་བྱུང་བ་ཡིན་ཚེ་ལས་དོན་རིམ་པ་གཉིས་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ནང་ལ་འོས་བསྡུའི་ལས་དོན་མ་སྤེལ་གོང་དེར་མུ་མཐུད་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་བྱེད་པའི་ལས་གཞི་སྔར་བས་གཞི་རྒྱ་ཆེ་རུ་བཏང་སྟེ་ཉུང་མཐར་ས་ཡིག་བརྒྱད་འབུམ་བདུན་ཁྲི་ལེན་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎