ཨུ་རུ་སུའི་སྲིད་བློན་ལ་གཟེངས་རྟགས་འབུལ་འཆར་ཕྱིར་འཐེན།

འཇར་མ་ནི་གཟེངས་རྟགས་ཚོགས་ཆུང་གིས་ཨུ་རུ་སུའི་སྲིད་བློན་ལ་གཟེངས་རྟགས་འབུལ་འཆར་དེ་ཕྱིར་འཐེན་གནང་བར་དགའ་བསུ།

2011.07.16

༄༅༎ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་གིས་འཇར་མ་ནི་གཟེངས་རྟགས་ཚོགས་ཆུང་གིས་ཨུ་རུ་སུའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་ལ་གཟེངས་རྟགས་འབུལ་འཆར་དེ་ཕྱིར་འཐེན་གནང་བར་དགའ་བསུ་ཞུས་འདུག

འཇར་མ་ནི་གཟེངས་རྟགས་ཚོིགས་ཆུང་གིས་གཟེངས་རྟགས་འབུལ་ཡུལ་ལ་བསྐྱར་ཞིབ་གནང་བ་དེ་ནི་འོས་འཚམས་ཡིན་པར་དགོངས་ཀྱི་འདུག་ཅེས་གསུངས་གནང་འདུག གཟེངས་རྟགས་དེ་ནི། ཨེ་ན་པོ་ལིཏ་ཀོལྦ་སི་ཀ་ཡ་ འམ།   སེར་གེ་ཀོ་ལྦ་ལོལྦ་ ཡང་ན། ལིའུ་ཤའོ་ཕུའུ་སོགས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་དར་སྤེལ་གཏོང་ཐབས་སུ་འབད་འབུངས་ལྷོད་མེད་གནང་མཁན་ཚོར་འབུལ་འོས་པ་ཡིན་ཞེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་གིས་གསུངས་གནང་འདུག

འཇར་མ་ནི་གསར་འགྱུར་བརྒྱུད་ལམ་ནང་ཐོན་པར་གཞིགས་ན།    འདི་ལོའི་འཇར་མ་ནི་གཟེངས་རྟགས་དེ་ཨུ་རུ་སུའི་སྲིད་བློན་ལྦ་ལ་ྲདི་མིར་པུ་ཀྲིན་ལ་གཟེངས་རྟགས་འབུལ་འཆར་ཡོད་པར་བརྟེན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་གིས་འོས་མི་འདེམས་སྒྲུགས་གནང་ཕྱོགས་དེར་ངོ་རྒོལ་མཚོན་ཆེད་དུ་དེ་སྔོན་ཁོང་ལ་འབུལ་བཞེས་གནང་བའི་འཇར་མ་ནི་གཟེངས་རྟགས་དེ་ཕྱིར་སློག་གནང་རྩིས་གནང་ཡོད་པ་རེད།

འོན་ཀྱང་ད་ཆ་འཇར་མ་ནི་གཟེངས་རྟགས་ཚོགས་ཆུང་གིས་ཨུ་རུ་སུའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་ལ་གཟེངས་རྟགས་འབུལ་འཆར་དེ་ཕྱིར་འཐེན་གནང་ཟིན་པར་ཁོང་གིས་དགའ་བསུ་ཞུས་པ་མ་ཟད། ཁོང་དང་མཚུངས་པའི་དེ་སྔོན་གཟེངས་རྟགས་འབུལ་བཞེས་གནང་མཁན་གཞན་ཚོར་ཡང་དེ་དེ་བཞིན་གྱི་འཚོར་སྣང་བྱུང་ཡོད་པ་རེད། ཕྱི་ལོ་༢༠༠༣་ལོར་འཇར་མ་ནི་ཤར་ནུབ་གཉིས་ཟླ་བསྒྲིལ་བྱུང་བའི་དགའ་སྟོན་མཚོན་ཆེད་དུ་ཁུཨ་ཌིརི་ག་ཞེས་པའི་གཟེངས་རྟགས་དེ་གསར་གཏོད་གནང་ཞིང་། འདས་པའི་ལོ་ཤས་རིང་འཛམ་གླིང་ནང་ཞི་བདེ་དང་། རང་དབང༌། མང་གཙོ་བཅས་དོན་གཉེར་བ་ཚོར་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། འོན་ཀྱང་ཨུ་རུ་སུའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་གྱིས་དེ་སྔོན་ཨུ་རུ་སུའི་སྲིད་བློན་བྱེད་རིང་དང་། ད་ལྟ་སྲིད་བློན་གྱི་ལས་གནས་བཟུང་བའི་རིང་གསར་འགོད་རང་དབང་སོགས་ལ་བཀག་སྡོམ་དང་། མང་གཙོ་དོན་གཉེར་བར་དྲག་གནོན་སོགས་ཀྱི་ལོ་རྒྱུས་ཡོད་པར་བརྟེན། ཁོང་ལ་གཟེངས་རྟགས་འབུལ་བཞེས་གནང་རྒྱུའི་གནས་ཚུལ་ཐོན་མ་ཐག་གསར་འགྱུར་བརྒྱུད་ལམ་ནང་སྐྱོན་བརྗོད་དྲག་པོ་བྱུང་སྟེ་གཟེངས་རྟགས་འབུལ་བཞེས་ཕྱིར་འཐེན་མི་བྱེད་ཀ་མེད་དུ་འགྱུར་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎