ཨ་རིས་བོད་མིའི་སྤྱི་ཚོཊ་ལ་ཨ་སྒོར་ས་ཡ་༢༣་གྱི་རོཊ་དངུལ་གནང་འདུག


2016.10.03
སྲིད་སྐྱོང་མཆོག་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༦།༡༠།༣ སྲིད་སྐྱོང་མཆོག་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༦།༡༠།༣
འཇིགས་མེད་སྙན་གྲགས།/RFA

ཨ་མི་རི་ཀའི་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་སུ་དམིགས་ནས་ཨ་སྒོར་ས་ཡ་ཉི་ཤུ་རྩ་གསུམ་གྱི་རོགས་རམ་གནང་རྒྱུ་རེད།
དེ་ཡང་འདི་ཚེས་༣་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དཔལ་འབྱོར་བཀའ་བློན་མཆོག་རྣམ་གཉིས་ཀྱི་གཙོས་འབྲེལ་ཡོད་ལས་བྱེད་ཚོ་དང་ལྷན་དུ་། གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་བའི་སར་། སྲིད་སྐྱོང་མཆོག་གིས། འདས་པའི་དུས་ཡུན་གང་འཚམ་ཞིག་ནས་བཟུང་འབོད་སྐུལ་ཞུས་དོན་ལྟར། ཨ་རིའི་འབྲེལ་ཡོད་རྣམས་བཞུགས་སྒར་དུ་དངོས་སུ་གཟིགས་བསྐོར་དང་འབྲེལ་ལས་འཆར་ཁག་ལ་ཉམས་ཞིབ་གནང་སྟེ། ཨ་རིའི་གཞུང་གི་རོགས་རམ་ཐེབས་རྩ་ཁང་USAID་ཞེས་པ་བརྒྱུད་ཨ་སྒོར་ས་ཡ་ཉི་ཤུ་རྩ་གསུམ་ལོ་ལྔའི་རིང་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། ད་རེས་དངོས་སུ་ཕྱི་ཟླ་བཅུ་པ་ནས་འགོ་བཙུགས་ཀྱིས་ལག་བསྟར་གནང་རྒྱུ་ཡིག་ཐོག་ནས་ཀྱང་ཞལ་བཞེས་ཐོབ་སོན་བྱུང་། གོང་ཞུས་རོགས་དངུལ་དེ་དག་ལྷོ་ཨེ་ཤེ་ཡའི་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་སྤྱི་དང་། ལྷག་པར་དུ་གཞིས་ཆགས་ཁག་ཏུ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་བ་བརྒྱུད་གཞིས་ཆགས་སྲ་བརྟན་ཡོང་ཐབས་ཀྱི་ལས་གཞི་བཀོད་སྒྲིག་བྱེད་རྒྱུ་དང་། དེའི་ཁོངས་སུ་གཞིས་ཆགས་ཁག་གི་ནང་། དཔེ་མཛོད་རྒྱག་རྒྱུ་དང་། འཕྲོད་བསྟེན་ཆེད་རྩེད་ཐང་རྒྱབ་རྒྱུ་སོགས་དགོས་གལ་ལ་གཟིགས་ནས་ལས་འཆར་སྤེལ་གནང་རྒྱུ་ཡིན་ལུགས་གསུངས་འདུག
དེ་དང་ཕྱོགས་མཚུངས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུ་དང་། ལྷག་པར་དུ་བོད་མིས་འཛིན་སྐྱོང་བྱེད་པའི་དངུལ་ཁང་ཞིག་འཛུགས་ཐབས་སུ་དགོས་ངེས་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་ཏེ། ཕྱི་ལོ་༢༠༡༩་ཙམ་ལ་ལས་གཞི་འགོ་འཛུགས་ཐུབ་པའི་རེ་བ་གནང་གི་ཡོད་པ་བཅས་གང་ལྟར་ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་དམིགས་པའི་རོགས་རམ་གནང་བ་དེ་དག་ཆུད་ཟོས་སུ་མ་འགྲོ་བའི་ཆེད་མང་ཚོགས་ནས་ཀྱང་གཞུང་གི་འཆར་གཞི་ཁག་ལ་འཕྱར་གྲུ་མཉམ་འདེགས་བྱེད་དགོས་ལུགས་གསུངས་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎