ཨ་རི་བ་རི་འཛེག་མཁན་ཞིག་ཕྱིར་ལོག་བཏང་ཡོད་པ།

ཨ་རི་བ་རི་འཛེག་མཁན་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ཡོད་པར་བརྟེན་ཕྱིར་ལོག་བཏང་ཡོད་འདུག

2008.04.23

༄༅༎ཨ་རི་བ་རི་འཛེག་མཁན་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ཡོད་པར་བརྟེན་ཕྱིར་ལོག་བཏང་ཡོད་འདུག

རི་འཛེག་མཁན་ཚོ་ཆོག་མཆན་ཞུས་པའི་སྐབས་སུ་སྒྲིག་གཞི་ཁག་ཅིག་སྲུང་བརྩི་ཞུ་དགོས་ཀྱི་ཡོད་པའི་ནང་། བོད་དང་འབྲེལ་བའི་ལས་འགུལ་སྤེལ་ཆོག་གི་མེད་ཅེས་གསལ་པོ་བཀོད་བཞིན་དུ་སྒྲེགས་གཞི་དང་འགལ་བའི་ཐོག་ནས་རི་འཛེག་མཁན་གྱི་ཨ་རི་བ་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ཡོད་པར་བརྟེན་ཁོང་ཕྱིར་ལོག་བྱས་པ་རེད་ཅེས་མིང་བཏོན་བྱེད་འདོད་མེད་པའི་བལ་ཡུལ་གྱི་འབྲེལ་ཡོད་ལས་བྱེད་ཅིག་ནས་ཨེ་ཨེཕ་པི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག བོད་ཀྱི་ཕྱོགས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་སྟེང་ཕྱི་ཟླ་ལྔ་པའི་ཚེས་བཅུ་ཉིན་ཨོ་ལིམ་པིཀ་ཡི་དཔལ་འབར་འཁྱེར་རྒྱུའི་འཆར་གཞི་ཡོད་པར་བརྟེན། དེ་དག་ལ་འགོག་རྐྱེན་མ་ཡོང་བའི་ཆེད་བལ་ཡུལ་ནས་ཀྱང་རི་འཛེག་མཁན་ཚོའི་ཐོག་སྔོན་ཚུད་ནས་དམ་དྲག་བྱ་རྒྱུའི་ཁས་ལེན་

བྱས་ཡོད་པ་དང༌། ལྷག་པར་དུ་དཔལ་འབར་འཁྱེར་བའི་སྐབས་རི་འཛེག་མཁན་གཏང་རྒྱུ་མེད་པ་རྒྱ་ནག་གཞུང་གི་

བཀའ་བཀོད་བཞིན་སྲུང་བརྩི་ཞུ་རྒྱུ་ཡིན་པ་བཅས་གང་ལྟར་བལ་ཡུལ་གཞུང་གི་ངོས་ནས་གནས་ཚུལ་དེ་རིགས་མ་ལྷག་པའིི་ཐོག་བོད་མི་ཙམ་མ་ཡིན་པར་ཕྱི་རྒྱལ་བ་ཚོའི་ཐོག་ལའང་དམ་དྲག་ཤུགས་ཆེ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎