ཨ་མེ་རི་ཀས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག


2019.06.01
ཨ་མེ་རི་ཀས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདག་དབང་ཐོག་ཉེན་ཚབས་བཟོས་བཞིན་པར་ཨ་རིའི་གཞུང་གིས་རྒྱ་ནག་ལ་ཉེན་བརྡ་བཏང་བ་དང་མཉམ་ཨ་རིའི་ཨེ་ཤ་ཡ་ཁུལ་མཐུན་གྲོགས་རྒྱལ་ཁབ་ཚོའི་བདེ་འཇག་སྲུང་སྐྱོབ་ཆེད་དམག་དོན་གྱི་འཕྲུལ་རིག་གསར་པ་ཐོག་མ་དངུལ་ཤུགས་ཆེ་གཏང་རྒྱུ་ཡིན་པ་བརྗོད་འདུག
ཨེ་ཨེཕ་པི།

Shangri La གྲོས་མོལ་ཞེས་པའི་Singapore དུ་ཚོགས་བཞིན་པའི་གཟའ་མཇུག་གི་བདེ་འཇགས་ཚོགས་ཆེན་དེའི་ཐོག་འཛམ་གླིང་ཡུལ་གྲུ་མང་པོའི་བདེ་སྲུང་བློན་ཆེན་དང་དམག་དཔོན་ཕེབས་ཡོད་པ་རེད།ཚོགས་ཆེན་དེའི་ཐོག་ཨ་རྒྱ་གཉིས་ཀྱི་གནད་དོན་དེ་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད་།ཨ་རིའི་བདེ་སྲུང་དྲུང་ཆེ་ལས་ཚབ་Patrick Shanahan ལགས་ཀྱིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་དུ་ཆགས་པའི་ཡུལ་ལུང་ཁག་དང་ཕྱག་གྲུ་མཉམ་འདེགས་ཀྱིས་འབྲེལ་ལམ་ཞིག་གནང་ཐུབ་པ་ཞིག་རེད་ལ་གནང་དགོས་ངེས་ཞིག་རེད་།ལུང་པ་གཞན་གྱི་བདག་དབང་ལ་དོ་ཕོག་ཐེབས་པ་དང་ཡིད་ཆེས་འཕེལ་མི་ཐུབ་པའི་རྒྱ་ནག་གི་བྱ་སྤྱོད་རིག་ངེས་པར་དུ་ཕྲལ་དུ་མཚམས་འཇོག་དགོས་ཞེས་བརྗོད་འདུག ད་དུང་ཁོང་གིས་དེ་མ་བྱུང་བར་དུ་ཨ་རི་གཞུང་གིས་རྒྱ་ནག་གི་གོ་དོག་དང་མིག་རྒྱང་ཆུང་བའི་འཆར་སྣང་དེ་ལ་ངོ་རྒོལ་ཁ་གཏད་བྱེད་རྒྱུ་ཡིན་ཅེས་ང་ཚོ་ནི་ད་བར་རྒྱ་ནག་ཐད་པའི་ཚང་མ་ལ་ཕན་འདོགས་བྱུང་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རང་དབང་དང་གུ་ཡང་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཤིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁུལ་ཡོངས་སུ་བདག་བཟུང་ཆེད་དམག་དོན་གྱི་རྟེན་གཞི་རྒྱ་བསྐྱེད་དང་ས་ཁུལ་དེ་ཐེ་ཝན་དང་Brunei, Malaysia,Philiphines དང་ Vietnam བཅས་ཀྱིས་བདག་དབང་རྩོད་གཞི་ལ་ཡང་ངོས་ལེན་བྱེད་ཀྱི་མེད་པའི་བཙན་ཤུགས་ཀྱིས་ཧམ་བཟུང་དེ་ལ་ཨ་རིས་ངོ་རྒོལ་དང་ཁ་གཏད་གདོང་ལེན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་Shao Yuanmingལགས་ཀྱིས་ཨ་རིའི་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ལྦན་དང་འབྲེལ་བའི་ཐོག་གཏམ་བཤད་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་སྐྱོན་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎