ལྷ་སར་གཞུང་ཚབ་ཁང་འཛུགས་ཐབས།


2013.06.30
བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཞིག་གསར་འཛུགས་གནང་རྒྱུར་ཐབས་ཤེས་གནང་མུས།
ཕལི་ཀར།

༄༅༎ཨ་མི་རི་ཀས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་གསར་འཛུགས་ཐབས་མཇུག་སྐྱོང་གནང་རྒྱུ་ཡིན་འདུག པེ་ཅིང་ནང་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་་གེ་རི་ལོཀ་(Gary Locke) མཆོག་ཉིན་གསུམ་རིང་བོད་ཀྱི་རྒྱལ་ས་ལྷ་སར་མཚམས་གཟིགས་ལ་ཕེབས་སྐབས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཇོང་ཀོ་(Chen Quanguo)གཙོས་པའི་འགོ་ཁྲིད་ཁག་ཅིག་དང་དེ་བཞིན་དགེ་འདུན་པ་ཁག་ཁག་ཅིག་མཇལ་འཕྲད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་གལ་ཆེའི་སྐོར་ནན་བརྗོད་གནང་ཡོད་ལུགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་པེཊྲིཀ་ཝིནཊརེལ་(Patrrick Vintrell) ཡིས་འགྲེལ་བརྗོད་གནང་འདུག སྐབས་དེར་ཨ་རིའི་གཞུང་ཚབ་ཀྱིས་བོད་ཀྱི་སྐད་ཡིག་དང་།རིག་གཞུང་ཆོས་ལུགས་སོགས་བདག་གཅེས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ནན་པོ་གནང་བ་མ་ཟད། རང་ལུས་མེར་སྲེག་གཏོང་དགོས་པའི་གནད་དོན་ཐད་ཨ་རིའི་གཞུང་གིས་ཐུགས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་འདུག  གོང་ཞུས་མགྲིན་ཚབ་པས་འགྲེལ་བརྗོད་གནང་བར་གཞིགས་ན།  ཨ་རིའི་གྲོས་ཚོགས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཞིག་གསར་འཛུགས་གནང་རྒྱུར་ཐག་གཅོད་གནང་བ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཐབས་ཤེས་གནང་མུས་ཀྱང་རྒྱ་ནག་གི་ངོས་ནས་ད་བར་ལ་བསམ་ཤེས་བྱས་མེད་པ་རེད་ཅེས་གསལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎