ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་སྤྲད་མི་འདུག


2017.02.28
བོད་ཀྱི་བུད་མེད་རྐང་རྩེད་པོ་ལོའི་རུ་ཁག བོད་ཀྱི་བུད་མེད་རྐང་རྩེད་པོ་ལོའི་རུ་ཁག
Cassie Childers

བོད་ཀྱི་བུད་མེད་རྐང་རྩེད་པོ་ལོའི་རུ་ཁག་ལ་ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་མ་སྤྲད་པར་གོ་སྒྲིག་པས་བློ་ཕམ་བྱས་འདུག
དེ་ཡང་བོད་ཀྱི་བུད་མེད་རྐང་རྩེད་པོ་ལོའི་རུ་ཁག་གིས་ཨ་རིའི་ནང་གོ་སྒྲིག་བྱེད་པའི་ན་གཞོན་རྐང་རྩེད་པོ་ལོའི་འགྲན་བསྡུར་ཞིག་གི་ནང་མཉམ་ཞུགས་བྱ་རྒྱུར་ཐོངས་མཆན་ཞུས་ཡོད་འདུག་ཀྱང༌། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་སྤྲད་མེད་པ་རེད་འདུག
རྒྱ་གར་ནང་གཏན་གཞི་བྱེད་པའི་བོད་ཀྱི་བེུད་རྐང་རྩེད་པོ་ལོའི་རུ་ཁག་འདི་བཞིན། ཨ་རིའི་ལྷོ་ཕྱོགས་མངའ་སྡེ་Texas་ཡི་གྲོང་ཁྱེར་Dallas་ནང་ན་གཞོན་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འགྲན་བསྡུར་གྱི་ནང་མཉམ་ཞུགས་བྱ་རྒྱུར། དབྱིན་ཇིའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་དང་འགན་འཛིན་ཟུར་པ་(Gordon Harold Jago)་ཡིས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མགྲོན་འབོད་གནང་པ་ལྟར། ། ། ཉེ་ལམ་བོད་པའི་བུད་མེད་དེ་རྣམས་རྒྱ་གར་རྒྱལ་སར་ལྡི་ལིར་ཐོངས་མཆན་ལག་འཁྱེར་ཞུ་བར་བསྐྱོད་སྐབས། ཨ་རིའི་གཞུང་ཚབ་ཁང་གིས་བོད་པའི་བུད་མེད་དེ་དག་ཨ་རིའི་ནང་བསྐྱོད་ཆོག་པའི་བཀའ་འཁྲོལ་ཞུས་པ་དེ་རྒྱུ་མཚན་ལྡན་པ་མཐོང་གི་མི་འདུག་ཅེས་གསུངས་ཏེ་ཐོངས་མཆན་གནང་མེད་པ་རེད།
དེར་རྩེད་འགྲན་རུ་ཁག་གི་ཚོགས་མི་དང༌། ཁོང་རྣམ་པར་རྒྱུན་དུ་སྦྱོང་བརྡར་གནང་མཁན་ཨ་རི་བ་(Cassie Childers)་བཅས་ནས་བློ་ཕམ་ཆེན་པོ་བྱུང་ལུགས་གསུངས་པའི་བརྙན་པར་ཞིག་ངོ་དེབ་Facebook་སྤྱི་ཚོགས་དྲ་ལམ་ཐོག་འགོད་སྤེལ་བྱས་ཡོད་ཅིང་།
དེའི་ནང་། ། རྩེད་འགྲན་རུ་ཁག་ལ་སྦྱོང་བརྡར་སྤྲོད་མཁན་ཨ་རིའི་མངའ་སྡེ་New Jersey་ནས་ཡིན་པའི་བུད་མེད་ Cassie Childers་ཡིས། ངས་ཐེངས་འདིར་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཨ་རིའི་ནང་བསྐྱོད་དེ་Dallas་གྲོང་ཁྱེར་གྱི་རྩེད་འགྲན་བྱ་ཡུལ་ Cotton Bowl་ཐང་ཆེན་དུ་འགྲན་བསྡུར་གྱི་ཉིན་དང་པོའི་རུ་སྒྲིག་སྐབས་བོད་པའི་བུད་མེད་རྣམས་ཀྱིས་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་འཁྱེར་ཏེ་མཉམ་ཞུགས་ཐུབ་པ་ཡོང་རྒྱུར་རེ་བ་ཆེན་པོ་བྱས་པ་ཡིན་ཡང་དེ་ལྟར་བྱུང་མ་ཐུབ་པར་བློ་ཕམ་ཆེན་པོ་བྱུང༌། ང་ཚོས་ཉིན་གྲངས་བཅུའི་ཐོངས་མཆན་ཞུས་པ་དེར་རྒྱུ་མཚན་ལྡན་པའི་འགྲེལ་བཤད་གང་ཡང་མེད་པར་ཆོག་མཆན་སྤྲད་མ་སོང་ཞེས་གསུངས་འདུག།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎