རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།


2013.06.01
རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད། ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་ Chuck Hagel།
བི་ཀི་པི་ཌི་ཡ།

༄༅༎དེ་རིང་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་ Chuck Hagel གྱིས། རྒྱ་ནག་གི་ངོས་ནས་ཨ་མི་རི་ཀའི་ཐོག་ཀམ་པུར་ཊར་དང་གློག་ལམ་གྱི་དྲ་འབྲེལ་ཐོག་ནས་སོ་མྱུལ་གྱི་ལས་དོན་སྤེལ་བཞིན་ཡོད་པ་གསལ་སྟོན་གནང་སྟེ་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་རྒྱུའི་ནུས་པ་ཆེ་རུ་བཏང་གནང་ཡོད་པ་རེད།
ཨ་རིའི་བདེ་སྲུང་དྲུང་ཆེས་བཀའ་མོལ་དེ་སིང་ག་པུར་ཚུགས་བཞིན་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཤང་རི་ལའི་ལྷན་ཚོགས་ཞེས་པ་བདེ་སྲུང་གི་ཚོགས་འདུ་ཞིག་གི་ཐོག་གསུངས་པ་དང་། ཚོགས་འདུ་དེའི་ནང་རྒྱ་ནག་གི་དམག་དཔོན་ཆེ་ཁག་མཉམ་ཞུགས་བྱས་ཡོད་ཅིང་།  ཁོང་གིས་ཨ་མི་རི་ཀའི་ངོས་ནས་གློག་ལམ་དྲ་འབྲེལ་གྱི་སོ་མྱུལ་གྱི་ལས་དོན་ཁག་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་བཤད་གནང་བ་མ་ཟད་སོ་མྱུལ་གྱི་ལས་དོན་འགའ་ཤས་རྒྱ་ནག་གཞུང་དང་རྒྱ་ནག་གི་དཔུང་དམག་ཚན་པ་དང་ཐད་ཀར་འབྲེལ་བ་ཡོད་པ་ཡང་གསལ་པོར་གསུངས་ཡོད་པ་རེད།
ད་དུང་ཨ་རིའི་བདེ་སྲུང་དྲུང་ཆེས། རྒྱ་ནག་གཞུང་གི་ངོས་ནས་གློག་ལམ་དྲ་འབྲེལ་གྱི་ལས་དོན་སྤེལ་སྐབས། རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་དང་འགན་འཁུར་ལྡན་པའི་སྤྱོད་ཚུལ་བཟུང་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་རེད།།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎