བོད་ནང་གཟིགས་ཞིབ་སྐོར་རིམ་པས་ཕྱིར་བསྒྲགས་ཡོང་བའི་རེ་བ་ཡོད།


2015.11.13
ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་བོད་ནང་ལ་ཕེབས་ནས་ཕྱིར་པེ་ཅོང་ལ་འབྱོར་སྐབས། ༢༠༡༥།༡༡།༡༢ ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་བོད་ནང་ལ་ཕེབས་ནས་ཕྱིར་པེ་ཅིང་ལ་འབྱོར་སྐབས། ༢༠༡༥།༡༡།༡༢
AFP

ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མིས་བོད་ནང་གཟིཊ་སྐོར་ཨ་རིར་ཕྱིར་ལོག་ཕེབས་རྗེས་ཕྱི་བསྒྲཊ་ཡོང་བའི་རེ་བ་ཡོད་ཅེས་ཕྱི་དྲིལ་དྲུང་ཆེ་ཡིས་གསུངས་བ།
དེ་ཡང་ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པས་བོད་ནང་གཟིགས་སྐོར་གནང་བ་དེ། རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་ཡིན་མིན་ལ་མ་བལྟོས་བར་བོད་ཀྱི་གནས་སྟངས་ལ་གཟིགས་ཞིབ་ཀྱིས་ཕྲན་བུའི་མཁྱེན་རྒྱ་འཕེལ་བའི་རེ་བ་ཡོད་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསུངས་འདུག
ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་དང་གྲོས་ཚོགས་འོག་མའི་ནང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འགོ་ཁྲིད་ཀྱི་འགན་འཁུར་བཞིན་པའི་ལྕམ་(Nancy Pelosi)དང་། ཁོང་གི་ཕྱག་རོགས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དེང་སྐབས་རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་པའི་སྐབས་དང་བསྟུན་ཏེ་འདི་ཚེས་༩ནས་༡༡བར་གྱི་ཉིན་གསུམ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། ཚེས་༡༢ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིར་ལོག་ཕེབས་ཡོད་པ་རེད།
ཁོང་རྣམས་པའི་གཟིགས་སྐོར་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་ཚུལ་དང་ཐུགས་རེ་ཇི་ཡོད་སྐོར། འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམ་ནོར་བུ་ལགས་སུ་བཅར་འདྲི་ཞུས་བར། ཁོང་གིས་གཞི་རྩའི་ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་། སྐུ་ཚབ་ཚོགས་པ་རྣམས་བོད་ནང་ལྟ་སྐོར་དུ་ཕེབས་སྐབས། མཇལ་འཕྲད་གནང་ས་དང་གཟིགས་སྐོར་གནང་ཡུལ་སོགས་ལས་རིམ་ཡོངས་རྗོགས་རྒྱ་ནག་གཞུང་གི་བཀོད་སྒྲིག་དང་། སྟངས་འཛིན་གཞིར་བཟུང་མ་གཏོགས་རང་དབང་གི་ཐོག་ནས་བོད་ནང་ལྟ་ཞིབ་གནང་རྒྱུའི་གོ་སྐབས་མེད་པ་རེད། ཡིན་ནའང་དེ་ལྟར་སྟངས་འཛིན་གྱི་གནས་སྟངས་ལ་མ་ལྟོས་བར་ཕྱི་ཕྱོགས་ནས་གཟིགས་སྐོར་ག་ཚོད་ཕེབས་ཐུབ་པ་དེས་གནོད་ལས་ཕན་ཆེ་བ་ཡོད་པ་གསུངས་འདུག
ལྕམ་སྐུ་Pelosiམཆོག་བོད་ནས་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་པའི་རྗེས་སུ་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཁག་ནང་། ལྕམ་Pelosiམཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་རྣམས་ཀྱིས། བོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་གཟིགས་ཚུལ་ཆེན་པོ་བྱུང་ལུགས་སོགས་གནས་ཚུལ་བཀོད་སྤེལ་བྱེད་བཞིན་ཡོད་ཀྱང་། བོད་མིིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམ་ནོར་བུ་ལགས་ཀྱིས། ཨ་རིའི་སྐུ་ཚབ་ཚོགས་པ་རྣམས་ཀྱིས་ད་རེས་བོད་ཀྱི་ལྷ་སར་གཟིགས་སྐོར་ཕེབས་པའི་སྐབས་དངོས་ཡོད་ཀྱི་གཟིགས་ཞིབ་ཇི་བྱུང་ཀྱི་གནས་ཚུལ་རྣམས་ད་ལྟའི་ཆར་ཚོད་དཔག་ཙམ་ལས་ཨ་རིར་ཕྱིར་ལོག་ཕེབས་པའི་རྗེས་རང་དབང་ལྡན་པའི་རྒྱུད་ལམ་ཐོག་གནས་ཚུལ་ཕྱིར་བསྒྲགས་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསལ་འདོན་གནང་འདུག
དེ་འབྲེལ་གྱི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་ཤོག་གིས། ལྕམ་ Nancy Pelosiཡིས་བོད་གསར་པར་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་། རྒྱ་ནག་གཞུང་གིས་ཆོས་དད་རང་མོས་འགན་ལེན་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འབད་བརྩོན་ལ་ཚད་མཐོའི་གདེང་འཇོག་བྱས་ལུགས་དང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་འབད་བརྩོན་འོག་བོད་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དེར་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱིས་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད་ལུགས་སོགས་གསུངས་ཡོད་པ་འཁོད་འདུག   འོན་ཀྱང་དེ་ལྟར་གསུངས་ཡོད་མིན་སྐོར་རོས་ཀྲར་གསར་འགྱུར་རྒྱུད་
ལམ་གྱིས་བཀའ་དྲི་ཞུས་པའི་སྐབས། ལྕམ་Nancy Pelosiཡི་མགྲིན་ཚབ་པ་Drew Hammillཡིས་ང་ཚོས་འདིར་གནས་ཚུལ་ར་སྤྲོད་བྱེད་ཡ་གཅིག་པོ་ཞིག་ནི་ལྕམ་Nancy Pelosiཡིས་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་སྐུ་ཚབ་ཚོ་གཟའ་ཟླ་བ་ནས་ལྷག་པ་བར་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཡོད་པ་དེ་རེད་དེ་མིན་བོད་ནང་ཕེབས་པའི་སྐོར་གྱི་གནས་ཚུལ་གཞན་ད་ལྟའི་ཆར་གང་ཡང་ཞུ་ཡ་མེད་ཅེས་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎