བོད་ནང་འཛིན་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་གནང་དགོས།


2015.09.02
ཨ་མེ་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་David Sapersteinམཆོག་གི་ཉེ་པར། ཨ་མེ་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་David Sapersteinམཆོག་གི་ཉེ་པར།
DOL

རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲཊ་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་བྱེད་དགོས་པ་ཨ་རིས་ནན་སྐུལ་གནང་བ།
དེ་ཡང་ཨ་མེ་རི་ཀའི་ཆེས་མཐོའི་དཔོན་རིགས་ཤིག་རྒྱ་ནག་ནང་གཟིགས་སྐོར་ལ་ཕེབས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ཆོས་དད་རང་དབང་སོགས་ཀྱི་སྐོར་རྒྱ་མིའི་དཔོན་རིགས་ཚོའི་ལྷན་དུ་བཀའ་བསྡུར་གནང་བའི་ཉིན་ཤས་རྗེས་སུ་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་བསྐྱར་ཞིབ་བྱེད་དགོས་པ་ཨ་རིས་སྐུལ་ལྕག་ནན་པོ་གནང་འདུག
དེའི་སྐོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གསལ་ལྟར་ན། ཨ་མེ་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་David Sapersteinམཆོག འདི་ལོའི་ཕྱི་ཟླ་༨་ཚེས་༢༠་ཉིན་དབུ་འཛུགས་ཀྱིས་ཉིན་བརྒྱད་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། གྲོང་ཁྱེར་Shijiazhuang, Shanghai, Hangzhou དེ་བཞིན་ཧོང་ཀོང་བཅས་ནང་གཟིགས་སྐོར་ལ་ཕེབས་སྐབས་ཁོང་གིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ཆོས་དད་རང་དབང་ལ་དམ་བསྒྲགས་ཆེ་བའི་སྲིད་ཇུས་འཛིན་བཞིན་པ་ཁག་ལ་ཨ་མེ་རི་ཀས་སེམས་འཚབ་གནང་གི་ཡོད་པ་སོགས་གནད་དོན་མང་པོའི་སྐོར་རྒྱ་གཞུང་གི་དཔོན་རིགས་ཚོར་གླེང་སློང་གནང་འདུག
ད་དུང་ཁོང་ནས་དེང་སྐབས་Zhejiangཞིང་ཆེན་ནང་ཡེ་ཤུའི་ལྷ་ཁང་གཏོར་བཤིག་གཏོང་བཞིན་པའི་ལས་འགུལ་དང་དེབ་སྐྱེལ་མ་བྱས་པའི་ཆོས་ཚོགས་ཀྱི་ཚོགས་མི་ཚོར་བསུན་གཙིར་བརྡབ་གསིག་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་David Saperstein མཆོག་ནས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་གི་ཐོག་དམ་བསྒྲགས་གཙོས་པའི་འབྲས་བུ་ལྡོག་ཕྱོགས་འགྱུར་རྒྱུའི་སྲིད་ཇུས་འཛིན་བཞིན་པ་ཁག་ལ་བསྐྱར་ཞིབ་དགོས་པའི་སྐུལ་ལྕག་ནན་པོ་གནང་བ་མ་ཟད། ཉེ་དུས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་མང་པོ་འཛིན་བཟུང་བཀག་ཉར་ཞུས་པ་རྣམས་ཀྱི་ཐད་ཨ་མེ་རི་ཀར་སེམས་འཚབ་གཏིང་གཟབ་ཡོད་སྐོར་ཡང་གསུངས་འདུག
དེ་དང་མཉམ་David Sapersteinམཆོག་ནས་རྒྱ་གཞུང་འབྲེལ་དཔོན་རིགས་ཚོའི་ལྷན་དུ་མཇལ་འཕྲད་གནང་སྐབས་རྒྱ་ནག་ནང་ཆོས་ཚོགས་ཇེ་མང་དུ་འགྲོ་བཞིན་པ་ཐེ་བའི་བཟང་ཕྱོགས་ཀྱི་ཡར་རྒྱས་ཁག་དང་དེ་བཞིན་ཆོས་ཚོགས་ཁག་གིས་སྤྱི་ཚོགས་ཞབས་ཞུ་གང་ལེགས་གནང་བཞིན་པར་བསྔགས་བརྗོད་ཀྱང་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎