༸གོང་ས་མཆོག་ལ་གདན་ཞུ་ཕུལ་བ།


2013.04.24
༸གོང་ས་མཆོག་ལ་གདན་ཞུ་ཕུལ་བ། ༸གོང་ས་མཆོག་ལ་གདན་ཞུ་ཕུལ་དགོས་པའི་ལས་འགུལ་སྤེལ་བཞིན་པ།
ནོར་བུ་དགྲ་འདུལ།

༄༅༎ཨོ་སི་ཊོ་ལེ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་རྒྱུའི་སྐོར་ལ་སློབ་གྲྭའི་དམངས་གཙོ་དོན་གཉེར་ལས་ཁང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་དང་ཆབ་སྲིད་ཀྱི་སློབ་དཔོན་John Keane གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་ཡོད་པ་རེད།
དེའང་སིཌ་ནི་སློབ་གྲྭ་ཆེན་མོའི་དམངས་གཙོ་ཚོགས་པ་དང་འགྲོི་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བཅས་ཀྱི་མོས་མཐུན་གནང་ཐོག་སྤྱི་ལོ་༢༠༡༣་ལོའི་སྤྱི་ཟླ་༦་ཟླ་དཀྱིལ་དུ་༸གོང་ས་མཆོག་དེ་ཁུལ་ཆིབས་བསྒྱུར་སྐབས་སིཌ་ནི་སློིབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར་ཤེས་ཡོན་ཐད་བཀའ་སློབ་ཅིག་གནང་རྒྱུའི་༸གོང་ས་མཆོག་གི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད།
ཉིན་ཤས་སྔོན་གནས་ཚུལ་ཐོན་པར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༸གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་ནང་ཉིན་གྲངས་བཅུའི་མཛད་འཆར་ཡོད་པའི་ཁོངས་སུ་སིཌ་ནི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་ཚོར་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་དེ་ཕྱིར་འཐེན་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་བཏོན་ཡོད་པ་རེད།
འོན་ཀྱང་ད་རེས་ཕྱི་ཚེས་༢༣་ཉིན་ཨོ་སེ་ཊོ་ལི་ཡའི་གསར་ལམ་ཁག་ནང༌། སེཌ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོག་ཐང་ཚོགས་ཆུང་གི་ཚོགས་གཙོ་ John Keaen ཀྱིས། སློབ་ཕྲུག་ཚོས་རང་གི་ཤེས་ཡོན་ལ་ཕན་པའི་མི་སྣ་སུ་ཞིག་གདན་ཞུ་གནང་ནས་བཀའ་སློབ་ཞུས་པ་ཡིན་ན། དེར་གུས་བཀུར་དང་རྒྱབ་སྐྱོར་ཆ་ཚང་ཡོད་ལ།རིང་མིན་སྤྱི་ཟླ་༦་པའི་ནང་༸གོང་ས་མཆོག་གིས་སློབ་གྲྭ་འདིའི་ནང་ཤེས་ཡོན་སྐོར། གལ་ཆེའི་བཀའ་སློབ་གནང་རྒྱུར་དགའ་བསུ་ཡོད་ཅེས་གསུངས་ཡོད་པ་རེད།
གང་ལྟར་ཡང་ གཙུག་ལག་སློབ་གྲྭ་དེའི་ངོས་ནས་རྒྱ་ནག་གི་གནོན་ཤུགས་ཡིན་པ་ངོས་ལེན་བྱས་མེད་ཀྱང་། མཛད་འཆར་ཕྱིར་བསྡུ་བྱས་པ་དེར་མི་མང་པོ་ཞིག་གིས་རྒྱ་ནག་གི་གནོན་ཤུགས་ཡིན་པའི་དོགས་པ་བྱས་པ་དང་། ལྷག་པར་མི་མང་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་གླེང་སློང་ཤུགས་ཆེ་བྱས་པའི་རྗེས། ད་རེས་ཕྱི་ཚེས་༢༣་ཉིན་སློབ་གྲྭ་དེས་༸གོང་ས་མཆོག་གི་མཛད་འཆར་ལ་འགྱུར་བ་གང་ཡང་མེད་ཅེས་འགྲེལ་བརྗོད་དེ་ལྟར་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎