རྒྱལ་ཚོཊ་ཀྱི་ཞིབ་དཔྱོད་པས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་།


2015.03.12
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཞིབ་དཔྱོད་པ་སྐུ་ཞབས་Heiner Bielefeldtལགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཞིབ་དཔྱོད་པ་སྐུ་ཞབས་Heiner Bielefeldtལགས།
ཱུUN

རྒྱལ་ཚོགས་ཀྱི་ཞིབ་དཔྱོད་པས་རྒྱ་ནག་གིས་བོད་དང་ཤིན་ཅང་གི་ཐོག་འཛིན་བཞིན་པའི་སྲིད་ཇུས་ཐད་སེམས་འཚབ་རང་བཞིན་གྱིས་སྐྱོན་བརྗོད་གནང་།
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཞིབ་དཔྱོད་པ་སྐུ་ཞབས་ཧཡེནར་སྦིཡེ་ལེ་ཕྷེ་Heiner Bielefeldtལགས་ཀྱིས། ཁ་སང་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ལྟ་བུའི་གྲངས་ཉུང་མི་རིགས་ལ་དྲག་གནོན་སུན་གཙེར་བཟོི་བཞིན་པའི་སེམས་འཚབ་རང་བཞིན་གྱི་ལོ་རྒྱུས་མང་དག་ཅིག་ལུང་འདྲེན་གནང་སྟེ། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་སྟངས་འཛིན་བྱེད་བཞིན་པ་དེ་ནི་སྤྱི་ཚོགས་དེའི་ཆོས་དད་ཀྱི་རང་དབང་ལ་གཏོར་བཤིག་བཏང་བ་དང་། མི་རིགས་ནང་ཁུལ་འགལ་ཟླ་བཟོ་བ། ཆེད་མངགས་དབྱེ་འབྱེད་བཟོས་པ་དེ་ནི་ཆབ་སྲིད་ཀྱི་སྟངས་འཛིན་གྱི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་གནང་བ་དང་། ཡང་རྒྱ་ནག་གཞུང་གིས་ཤིན་ཅང་ལ་འཛིན་པའི་སྲིད་ཇུས་ལའང་སྐྱོན་བརྗོད་གནང་འདུག
རྒྱ་ནག་གཞུང་གིས་ཤིན་ཅང་དུ་ཡུ་གུར་མི་རིགས་ལ་འཛིན་པའི་སྲིད་ཇུས་ཀྱིས་གྲངས་ཉུང་མི་རིགས་ལ་སུན་གཙེར་དང་འཇིགས་སྣང་སྐུལ་བའི་ཧ་ཅང་ཚབས་ཆེའི་དོན་རྐྱེན་བྱུང་བ་གསལ་འདོན་གནང་སྟེ་དེ་ནི་རྒྱ་ནག་གིས་ཡུ་གུར་བར་འཛིན་པའི་བྱ་སྤྱོད་ནི་གལ་ཆེའི་གནད་དོན་ཞིག་ཡིན་ཞིང་། ངས་ཚབས་ཆེའི་སུན་གཙེར་བཟོ་བའི་དོན་རྐྱེན་མང་པོ་ཞིག་གོ་ཐོས་བྱུང་། དཔེར་ན། ཁ་ཆེའི་སྙུངས་གནས་སྐབས་དད་ལྡན་ན་གཞོན་ལ་འཇིགས་སྣང་སྐུལ་ཏེ་སྙུངས་གནས་སྲུང་མི་དགོས་པ་བཟོས་པ་ལྟ་བུ་རེད། དེ་བཞིན་ཤིན་ཅང་གི་གྲོང་ཁྱེར་འགའ་ཞིག་ནང་ཁ་ཆེའི་གྱོན་གོས་ལ་ཚད་བཀག་གཏན་འབེབས་བཟོས་པ་དང་། ལྟེ་གནས་གྲོང་ཁྱེར་ཨུ་ལུ་མུ་ཆི་ལ་ན་ནིང་ལོ་མཇུག་ནས་བཟུང་སྤྱི་སྤྱོད་ཁྲོམ་ལམ་སོགས་སུ་བེུད་ཀྱི་གདོང་ཁེབས་གྱོན་མི་ཆོག་པ་བཀག་འགོག་བྱས་ཡོད་པ་རེད།
ད་དུང་གསལ་བསྒྲགས་ནང་བཀོད་པར་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཁང་གིས་དངོས་སུ་རྒྱ་ནག་ལ་འཚམས་འདྲི་བསྐྱོད་རྒྱུའི་འབྲེལ་ཡོད་རེ་སྐུལ་བྱས་དོན་ལ་ད་བར་འཕེལ་མེད་རང་སོར་ལུས་ཡོད་པ་རེད། རྒྱ་ནག་གཞུང་འདི་ཉིད་ཕྱོགས་མང་པོ་ཞིག་གི་ཐད་རིམ་འདས་ཀྱི་སྟོབས་ཤུགས་ལྡན་ཡོད་ནའང་དམངས་གཙོའི་ཁྲིམས་མཐུན་རང་བཞིན་གྱི་ཐད་ཉམས་མྱོང་ཞན་པོ་ཡིན་པ་གསལ་པོར་མངོན་གྱི་ཡོད་པ་རེད་ཅེས་བཀོད་ཡོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎