རྒྱ་ནག་གིས་མི་གྲངས་བརྒྱ་ཙམ་བསད་རྨས་བཏང་ཡོད་ཟེར།
2014.07.30
རྒྱ་ནག་གི་ཉེན་རྟོག་པས་མེ་མདའ་རྒྱབ་ནས་མི་གྲངས་བརྒྱ་ཙམ་བསད་རྨས་བཏང་ཡོད་པ་འཛམ་གླིང་ཡུ་གུར་ཚོགས་པས་བསྒྲགས་འདུག
རྒྱ་ནག་གི་ཕྱི་ལ་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་མི་མང་གི་ཀོང་རེ་སི་ཚོགས་པས་བརྗོད་དོན་ལྟར་ན། ལག་ཏུ་གྲི་དང་སྟ་རེ་སོགས་ཐོགས་པའི་གཏུམས་ཚོགས་དང་ཉེན་རྟོག་པའི་དབར་ཉེ་ཆར་འཐབ་འཁྲུག་ཤོར་སྐབས་ཉེན་རྟོག་པས་མེ་མདའ་རྒྱབ་སྟེ་མི་གྲངས་༡༠༠ ཙམ་བསད་རྨས་བཏང་ཡོད་པ་དང་། འཛམ་གླིང་ཡུ་གུར་ཚོགས་པའི་མགྲིན་ཚབ་པ་Dilxat Raxit ཡིས་གློག་འཕྲིན་བརྒྱུད་གནས་ཚུལ་བརྗོད་དོན། ལག་ཏུ་གྲི་སོགས་འཁྱེར་བའི་གཏུམས་ཚོགས་ཀྱི་ཐོག་ལ་རྒྱ་ནག་གི་ཉེན་རྟོག་པས་མེ་མདའ་རྒྱབ་སྟེ་མི་༡༠༠ ཙམ་བསད་པའམརྨས་ཡོད་པ་བརྗོད་འདུག
དེའི་ཐད་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ཚེས༢༩ཉིན་གནས་ཚུལ་སྤེལ་དོན། ལག་ཏུ་གྲི་དང་སྟ་རེ་སོགས་ཐོགས་པའི་རུ་ཚོགས་ཀྱིས་ཡུ་གུར་ཁ་ཆེའི་ཡིག་སྐད་ནང་Yarkandཞེས་འབོད་པའི་ཉེན་རྟོག་པའི་ལས་ཁུངས་དང་། གྲོང་སྡེ་དེའི་ཁུལ་ལ་ཁ་ཆེའི་དུས་ཆེན་EID གྱི་གོང་དེར་ཚུར་རྒོལ་བྱེད་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཇིགས་སྐུལ་ལ་ཕར་རྒོལ་ཞེས་ངོ་རྒོལ་བ་དེ་ཚོར་མེ་མདའ་རྒྱབ་སྟེ་ཡུ་གུར་བ་དང་། ཧན་མི་རིགས་ཡིན་པ་ཁྱོན་མི་གྲངས་༡༢ཙམ་བསད་ཡོད་པའི་གནས་ཚུལ་སྤེལ་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།