བོད་རིགས་ཁུ་ཚུར་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་རྒྱལ་ཁ་བླངས།

2020.11.30
བོད་རིགས་ཁུ་ཚུར་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་རྒྱལ་ཁ་བླངས། བསོད་ནམས་དར་རྒྱས་ལགས་ཀྱིས་ཁུ་ཚུར་དྲག་རྩལ་འགྲན་བསྡུར་སྐབས། ༡༡།༢༨།༢༠
SCMP

མགོན་པོ་དྲག་རྩལ་ཁང་གི་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ནི་ཨ་རིའི་(UFC) འགྲན་བསྡུར་ཁྲོད་བོད་རིགས་རྒྱལ་ཁ་ཐོབ་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།
དེ་ཡང་འདི་ཚེས་༢༨ཉིན་ཨ་རིའི་གྲོང་ཁྱེར་ལསོ་ཝེ་གྷསི་(las vegas)འི་ནང་བསྡུས་བའི། རྒྱལ་སྤྱིའི་ཁུ་ཚུར་དྲག་རྩལ་འགྲན་བསྡུར་(Ultimate Fighting Championshi)ཁྲོད། བོད་རིགས་ཁུ་ཚུར་དྲག་རྩལ་བ་བསོད་ནམས་དར་རྒྱས་དང་ཁེ་ཎ་ཌའི་དྲག་རྩལ་བ་(Malcom Gordon)གཉིས་བར་འགྲན་བསྡུར་སྐབས། འགྲན་ཐུན་དང་པོའི་སྐར་ཆ་༤༤འི་ནང་བསོད་ནམས་དར་རྒྱས་ཀྱིས་ཁ་གཏད་ཕམ་པར་བཏང་ནས་རྒྱལ་ཁ་བླངས་བ་དང་། དེ་ནི་ལྗིད་ཚད་སྤྱི་རྒྱ་༡༠༦ནས་༡༡༢བར་གྱི་(Flyweight)འགྲན་རྩོད་ཞིག་ཡིན་པ་རེད།
འདིའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྣེ་མང་སྤེལ་བ་དང་། བོད་ཕྱི་ནང་གཉིས་ནས་དྲ་ལམ་བརྒྱུད་བསོད་ནམས་དར་རྒྱས་ལེགས་གསོའི་དགའ་བསུ་ཆེན་པོ་བྱེད་བཞིན་འདུག
དྲག་རྩལ་པ་བསོད་ནམས་དར་རྒྱས་ནི། བོད་ནང་ཐོག་མར་མི་སྒེར་གྱིས་བཙུགས་པའི་མགོན་པོ་དྲག་རྩལ་ཁང་གི་ཆེས་ཕུལ་བྱུང་གི་དྲག་རྩལ་པ་ཞིག་ཡིན་པ་དང་། ༢༠༡༦ལོའི་རྒྱ་ནག་ཧེ་ནན་བརྙན་འཕྲིན་ཁང་གི་གཙོ་སྒྲུབ་བྱས་པའི་དྲག་རྩལ་འགྲན་བསྡུར་སྐབས་གསེར་གྱི་སྐེ་རགས་ཐོག་མ་དེ་ཐོབ་ཅིང་། རྗེས་སུ་ཨ་རིའི་(UFC)ནང་དྲག་རྩལ་སྦྱོང་བསྡར་ལ་ཞུགས་པ་དང་། ན་ནིང་ཟླ་༩་བའི་ནང་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་ཚོགས་པའི་(UFC)རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་ཁྲོད། བསོད་ནམས་དར་རྒྱས་ལགས་ཀྱིས་འགྲན་ཡ་ཨ་མི་རི་ཀའི་དྲག་རྩལ་བ་ལོ་སིའི་ཕམ་པར་བཏང་ནས་རྒྱལ་ཁ་བླངས་མྱོང་ཡོད་པ་རེད།
རང་ལོ་༢༤་ཡིན་པའི་བསོད་ནམས་དར་རྒྱས་ལགས་ནི། རྒྱ་ནག་གིས་ཆ་བགོས་བྱས་པའི་མདོ་སྨད་རྔ་བ་ཁུལ་ཁྲོ་ཆུ་རྫོང་ཁོངས་ནས་ཡིན་པ་དང་། ཆུང་དུས་ནས་མགོན་པོ་དྲག་རྩལ་ཁང་དུ་ཞུགས་ཏེ་དྲག་རྩལ་སྦྱངས་ཡོད་འདུག
མགོན་པོ་དྲག་རྩལ་ཁང་ནི། ཕ་ཡུལ་ཁྲོ་ཆུ་ནས་ཡིན་པའི་དྲག་རྩལ་པ་མགོན་པོ་ལགས་དེ་སྔ་རྒྱ་ནག་གི་དམག་མིར་ཞུགས་པ་དང་། དྲག་ཆས་ཉེན་རྟོག་པའི་ལས་གནས་སུ་ཞུགས་པའི་ཉམས་མྱོང་དང་། རང་གི་དགའ་ཕྱོགས་རྒྱུད་འཛིན་ཆེད་དང་ཐོག་དྲྭ་ཕྲུག་དང་ཉམས་ཐག ངོ་ཤེས་བཅས་ལོ་ཆུང་དྲག་རྩལ་ལ་དགའ་མཁན་ཁག་གཅིག་བསྡུས་ནས་འགོ་བཙུགས་པ་དང་། རྗེས་སུ་མགོན་པོ་དྲག་རྩལ་ཁང་ཞེས་གཞི་རྒྱ་ཇེ་ཆེར་བཏང་བ་དང་། ད་སྐབས་ཁོང་ཚོའི་དྲག་རྩལ་བ་ཁག་ཅིག་རྒྱ་ནག་རྒྱལ་ནང་དང་། རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་མཉམ་ཞུགས་བྱེད་བཞིན་པ་རེད།
ཡང་གནས་ཚུལ་ལྟར་ན། མགོན་པོ་དྲག་རྩལ་ཁང་གི་དྲག་རྩལ་བ་ཚོ་འགྲན་བསྡུར་རིམ་པ་བརྒྱུད་སྤྱི་ཚོགས་ཁྲོད་ཆེ་མཐོང་དང་ངོས་ཟིན་ཐོབ་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ཀྱི་རྒྱ་ནག་དམག་མི་དང་། དམངས་དམག་བཅས་བར་དྲག་རྩལ་སྦྱོང་བརྡར་སྤྲོད་རུ་འཇུག་པ་དང་། ཚོགས་མི་ཚོ་དམག་ནང་འཛུལ་ཞུགས་བྱེད་འཇུག་བཞིན་པ་རྒྱ་ནག་གི་གསར་ལམ་ཁག་ཅིག་ནང་གནས་ཚུལ་མཐོང་རྒྱུ་ཡོད་ལ། རྒྱ་ནག་ཏུ་ཡོད་པའི་བོད་མི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ངོ་དེབ་ཐོག་ལ་ཡང་དེ་བཞིན་གནས་ཚུལ་བཀོད་སྤེལ་བྱས་འདུག
ཨ་མི་རི་ཀར་ཡོད་པའི་(UFC)ཞེས་པའི་རྒྱལ་སྤྱིའི་དྲག་རྩལ་འདྲ་མིན་གྱི་སྡིངས་ཆ་དེ་ནི། འཛམ་གླིང་ཐོག་གི་སྣ་འཛོམས་དྲག་རྩལ་གྱི་འགྲན་སྡུར་བྱེད་ས་ཆེ་ཤོས་དེ་ཡིན་པ་དང་། དེར་འགྲན་ཞུགས་མཁན་དྲག་རྩལ་པ་དག་ནི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དྲག་རྩལ་བ་རྩེ་ཕུད་གྲས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎