བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་ལ་ཨ་རིའི་ངོས་ནས་བློ་འཚབ།

བལ་ཡུལ་ནང་ད་བར་ཞི་བདེའི་ལས་དོན་མདུན་བསྐྱོད་མ་ཐུབ་པའི་གནས་སྟངས་དེར་ཨ་མི་རི་ཀའི་གཞུང་གི་ངོས་ནས་བློ་འཚབ་ཤིན་ཏུ་ཆེ།

2009.12.05

༄༅༎བལ་ཡུལ་ནང་ད་བར་ཞི་བདེའི་ལས་དོན་མདུན་བསྐྱོད་མ་ཐུབ་པའི་གནས་སྟངས་དེར་ཨ་མི་རི་ཀའི་གཞུང་གི་ངོས་ནས་བློ་འཚབ་ཤིན་ཏུ་ཆེན་པོ་གནང་གི་ཡོད་པ་བལ་ཡུལ་ནང་གི་ཨ་མི་རི་ཀའི་གཞིུང་ཚབ་ཁང་གིས་ཁ་ས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད་

བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་གི་འགན་འཛིན་རེན་ཌི་པེ་རིས་ཁད་ཉིན་གཟའ་པ་སངས་ཉིན་བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པཱལ་མཇལ་འཕྲད་གནང་སྟེ་སྐབས་དེར་བལ་ཡུལ་ནང་གི་བརྟན་ལྷིངས་མེད་པའི་ཆབ་སྲིད་ཀྱི་གནས་སྟངས་དེར་ཨ་མི་རི་ཀའི་གཞུང་གིས་བློ་འཚབ་ཤིན་ཏུ་ཆེན་པོ་གནང་གི་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད་ ཨ་མི་རི་ཀའི་གཞུང་ཚབ་ཀྱིས་བལ་ཡུལ་གྱི་སྲིད་བློན་མཇལ་འཕྲད་གནང་སྐབས་བལ་ཡུལ་གྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོས་དོན་ཕན་སོན་པའི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་ད་ནས་བཟུང་འབད་བརྩོན་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག་པས་མ་ཟད་དེའི་གོང་རྒྱལ་སྤྱིའི་ངོ་བོ་ལྡན་པའི་སྐུ་ཚབ་ཚོགས་པ་ཞིག་གིས་ཀྱང་བལ་ཡུལ་ནང་ཆབ་སྲིད་བརྟན་ལྷིངས་མེད་པའི་གནས་སྟངས་དེར་བློ་འཚབ་ཆེན་པོ་ཡོད་པ་གསལ་བཤད་གནང་ཡོད་པ་རེད་ ཨ་མི་རི་ཀའི་གཞུང་ཚབ་ཁང་གི་འགན་འཛིན་གྱིས་བལ་ཡུལ་གྱི་མའོའི་ཚོགས་པས་གྲོས་ཚོགས་ཀྱི་ལས་དོན་བཀག་པ་དང་བལ་ཡུལ་གྱི་ས་ཁུལ་འགའ་ཤས་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་འཆར་གཞི་ཡོད་པ་ དེ་ག་ནང་བཞིན་མི་མང་གི་ས་ཞིང་མུ་མཐུད་བཙན་འཕྲོག་བྱེད་བཞིན་པ་བཅས་ཀྱི་བྱ་སྤྱོད་ལ་དམིགས་བསལ་ཐུགས་འཚབ་ཡོད་པའི་དགོངས་ཚུལ་གསལ་བཏོན་གནང་ཡོད་པ་རེད་ མའོའི་ཚོགས་པའི་བྱ་སྤྱོད་དེ་ཚོ་ནི་ཞི་བདེ་འཕེལ་རྒྱས་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་བརྩི་བཀུར་ཞུ་རྒྱུ་དམངས་གཙོ་འཕེལ་རྒྱས་ཀྱི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུའི་ཁས་ལེན་བྱས་པ་ཁག་དང་མ་མཐུན་པར་ལོགས་སུ་འགལ་བ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎