འབར་མའི་ཆབ་སྲིད་བཙོན་པ་གློད་འགྲོལ་དགོས་པའི་རེ་སྐུལ།
2011.09.14
༄༅༎ཨ་མི་རི་ཀའི་འབར་མའི་དམིགས་བསལ་སྐུ་ཚབ་ཀྱིས་འབར་མའི་འགོ་ཁྲིད་ཚོར་ཨ་རི་དང་འབྲེལ་བ་བཟང་དུ་མ་བཏང་བའི་གོང་ལ། ལྕམ་ཨོང་སན་སུ་ཅི་མཉམ་ཞུགས་གནང་བའི་ཐོག་ནས་ཡུལ་ནང་དོན་དམ་གྱི་དམངས་གཙོའི་བཅོས་སྒྱུར་གཏོང་ཐབས་བྱ་དགོས་རྒྱུ་དང༌། དམ་བསྒྲཌ་འོག་ཡོད་པའི་ཆབ་སྲིད་ཀྱི་བཙོན་པ་སྟོང་ཕྲག་མང་པོ་ཡོད་པ་ཚང་མ་གློད་བཀྲོལ་གཏོང་དགོས་རྒྱུའི་རེ་སྐུལ་གནང་བཞག།
འབར་མའི་ནང་ཉིན་དྲུག་རིང་གཞུང་དོན་གཟིགས་སྐོར་གནང་བའི་ཉིན་མཐའ་མ་དེར་གྲོང་ཁྱེར་ཡང་ཨོན་གྱི་གནམ་ཐང་དུ་གསར་འགོད་པ་ཚོར་ ཨ་རིའི་འབར་མའི་དམིགས་བསལ་སྐུ་ཚབ་གསར་པ་ཌེ་རོལ་མི་ཆེལ་ཡིས་འབར་མའི་ཐོག་ཨ་མི་རི་ཀའི་དཔལ་འབྱོར་གྱི་དམ་བསྒྲཌ་བཀག་བསྡོམས་ཕྱིར་བསྡུ་གནང་རྒྱུར་སྔོན་ཚུད་ཆ་རྐྱེན་ག་རེ་བཏོན་གནང་ཡོད་མེད་ཁ་གསལ་འགྲེལ་བརྗོད་གནང་མེད་ནའང༌།ཁོང་གིས་ ད་རེས་ཀྱི་གཟིགས་སྐོར་དེ་དོན་འབྲས་སོན་པའི་གཟིགས་སྐོར་ཞིག་ལ་ངོས་འཛིན་གནང་བཞག།
ཨ་རིའི་དམིགས་བསལ་སྐུ་ཚབ་ཌེ་རོལ་མི་ཆེལ་ཡིས་འདས་པའི་ཉིན་ཤས་ནང་འབར་མའི་གྲོས་ཚོཌ་འཐུས་མི་དང་ལྕམ་སུ་ཅིས་སྣེ་འཁྲིད་པའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་ནའང༌། འབར་མའི་སྲིད་འཛིན་ཐེན་སེན་དང་མཇལ་འཕྲད་བྱུང་མེད་པ་རེད། ཁོང་གིས་འབར་མའི་འགོ་ཁྲིད་ཚོར་ཕྱོགས་འགལ་ཚོགས་པ་དང་གྲོས་མོལ་བྱ་དགོས་རྒྱུ་དང༌། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནས་སྟངས་ལ་རྟོག་ཞིབ། དེ་བཞིན་བཙོན་འཇུག་དོ་དམ་འོག་ཡོད་བཞིན་པའི་ཆབ་སྲིད་བཙོན་པ་༢༠༠༠ཚང་མ་གློད་བཀྲོལ་དགོས་རྒྱུའི་རེ་འདུན་གནང་ཡོད་སྐོར་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་སྟེ། འབར་མའི་གཞུང་གིས་རེ་འདུན་དེ་ཚོར་བདག་སྤྲོད་ངོས་ལེན་བྱས་པ་ཡིན་ན་། ཨ་རི་དང་འབར་མའི་དབར་གྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང༌། ཨ་རིའི་ངོས་ནས་བཟང་པོར་བཟང་ལན་སློག་གི་རེད་ཅེས་གསུངས་འདུག།