ཨ་རི་དང་རྒྱ་ནག་གི་དཔོན་རིགས་ཀྱི་གསུང་བཤད་ནང་དོན།

ཨ་རིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་བཅོས་བསྒྱུར་བྱ་རྒྱུ་ནི་རྒྱ་ནག་རང་ཉིད་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པ་གསུངས་འདུག

2011.05.10

༄༅༎གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་བཅོས་བསྒྱུར་བྱ་རྒྱུ་ནི་རྒྱ་ནག་རང་ཉིད་ལ་ཁེ་ཕན་ཡོད་པ་ཞིག་ཡིན་པ་གསུངས་འདུག།

འདི་ག་རྒྱལ་ས་ལྦ་ཤིང་ཊོན་དུ་ཨ་མི་རི་ཀ་དང་རྒྱ་ནག་དབར་ཉིན་གྲངས་གཉིས་རིང་ཐབས་བྱུས་དང་ཚོང་དོན་གྱི་ལོ་རེའི་ཚོགས་འདུ་དེ་ཚུགས་བཞིན་ཡོད་པ་དང་ ཚོགས་འདུའི་དབུ་འབྱེད་སྐབས་ཨ་རིའི་སྲིད་འཛིན་སྐུ་གཞོན་ཇོ་སྦའེ་ཌེན་མཆོག་གིས་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཀྱི་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་གྱི་གནད་དོན་འདི་ནི་ དུས་རབས་ཉི་ཤུ་རྩ་གཅིག་པའི་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་འགྱུར་མིན་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པ་གསུངས་པ་དང་ཆབས་གཅིག་ ཁོང་གིས་ཡུལ་གྲུ་གཉིས་དབར་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་མི་མཐུན་པ་ཧ་ཅང་གི་ཆེན་པོ་ཡོད་པ་གསལ་བཤད་གནང་པ་དང་ མི་མཐུན་པ་ཡོད་པ་དེ་དག་ཕན་ཚུན་གསལ་འདོན་དགོས་རྒྱུ་ནི་གལ་ཆེན་པོ་རེད་ཅེས་གསུངས་འདུག།

ད་དུང་ཨ་མི་རི་ཀའི་སྲིད་འཛིན་གཞོན་པས་ རྒྱལ་སྤྱིའི་ཁྲིམས་ལུགས་དང་ རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་ཚོགས་བརྟན་ལྷིངས་ཤིག་དང་ མངའ་ཐང་ལོངས་སྤྱོད་ཆེ་བ་ཞིག་འབྱུང་རྒྱུའི་གཞི་རྟེན་གཙོ་བོ་ཡིན་པ་གསུངས་འདུག།

ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཀྲན་མཆོག་གིས་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་བློ་འཚབ་ཡོད་པའི་གནད་དོན་དེས་མངའ་ཁུལ་གྱི་བརྟན་ལྷིངས་ཐད་ལ་ཤུགས་རྐྱེན་ཡོང་གི་ཡོད་པ་ཙམ་མ་ཟད་ ཨ་མི་རི་ཀའི་རྒྱལ་ནང་ཆབ་སྲིད་ཐད་ལ་ཡང་ཤུགས་རྐྱེན་ཡོང་གི་ཡོད་པ་གསུངས་ཡོད་པ་རེད།

རྒྱ་ནག་གི་སྐུ་ཚབ་ཚོགས་པའི་འགོ་འཁྲིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཛིན་ ཏཡི་སྦིང་ཀོས་ རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཡར་རྒྱས་གཏོང་བཞིན་ཡོད་པ་གསུངས་པ་དང་ རྒྱ་ནག་མི་དམངས་ཀྱི་གྲོགས་པོའི་འདུ་ཤེས་གང་འདྲ་ཡོད་མིན་ཤེས་རྟོགས་ཆེད་ཨ་མི་རི་ཀའི་ཡུལ་མི་མང་ཙམ་རྒྱ་ནག་ཏུ་འགྲོ་དགོས་སྐོར་བརྗོད་འདུག རྒྱ་ནག་དང་ཨ་མི་རི་ཀའི་དབར་མི་མཐུན་པ་ཆེན་པོ་ཡོད་པའི་གནད་དོན་གཞན་ཞིག་ནི་རྒྱ་ནག་གི་མི་དམངས་ཤོག་ལོར་གྱི་རིན་ཐང་སྐོར་དེ་ཡིན་ཞིང་ བར་སྐབས་རྒྱ་ནག་རང་ཉིད་ཀྱི་ཡུལ་ཐང་གི་རིན་གོང་ཧ་ཅང་ཐོ་པོ་ཆགས་བཞིན་པ་གཅོག་ཐབས་ཆེད་ རྒྱ་མིའི་དངུལ་ལོར་གྱི་རིན་ཐང་མཐོ་རུ་འགྲོ་བཅུག་ཡོད་པ་རེད།

ཨ་རིའི་ནོར་སྲིད་དྲུང་ཆེ་ཀྲི་མ་ཐི་གའེ་ཐི་ནར་གྱིས་ རྒྱ་ནག་གིས་ཕྱིར་ཚོང་གཙོ་བོར་བརྟེན་པའི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་བཏང་སྟེ་ རྒྱལ་ནང་གི་ཚོང་ལས་འཕེལ་རྒྱས་གཏོང་དགོས་པའི་དགོངས་ཚུལ་གསུངས་ཤིང་ དེ་ནི་ཨ་མི་རི་ཀས་རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་གསུམ་བརྒྱའི་ཁྲོམ་རྭའི་ནང་ཨ་མི་རི་ཀའི་དངོས་ཟོག་ཚོང་ལས་ཐུབ་རྒྱུར་དམིགས་ཡུལ་བཟུང་བ་ཞིག་ཡིན་པ་རེད།

ཚོགས་འདུ་ཚུགས་ཡུལ་ཨ་རིའི་ནང་སྲིད་ལས་ཁུངས་དང་ ཕྱི་སྲིད་ལས་ཁུངས་ཀྱི་མདུན་དུ་བོད་མི་ཚོས་ རྔ་པ་ཀིརྟི་དགོན་པའི་ནང་དམ་བསྒྲཌཀྱི་་་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་དགོས་པ་དང་ བོད་ཁྱོན་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་དགོས་རྒྱུའི་དགོན་འདུན་བཏོན་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎