ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་དཔྱད་ཞིབ།

ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་ཐག་གཅོད་གནང་བ་དེས་མཚོ་ཁ་གཉིས་དང་ཨ་རི་བཅས་ཀྱི་འབྲེལ་ལམ་སླར་གསོ་ཡོང་སྲིད།

2008.10.08

༄༅༎ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་ཐག་གཅོད་གནང་བ་དེས་མཚོ་ཁ་གཉིས་དང་ཨ་རི་བཅས་ཀྱི་འབྲེལ་ལམ་སླར་གསོ་ཡོང་རྒྱུའི་དཔྱད་ཞིབ་བྱས་འདུག

བདུན་ཕྲག་སྔོན་མ་ཨ་མི་རི་ཀའི་གཞུང་ནས་ཐའེ་ལྦན་ལ་ཡུན་རིང་ནས་དུས་འགྱངས་བྱས་པའི་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་གྲོས་གཞི་དེ་དག་བཀའ་འཁྲོལ་གནང་བར་བརྟེན་རྒྱ་ནག་གཞུང་ཁོང་ཁྲོ་ལངས་གཞི་ཞིག་ཆགས་ཡོད་རེད་ལ་ཁ་ས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཀྱང་གནད་དོན་དེའི་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། འོན་ཀྱང་ཐག་གཅོད་དེས་ཕྱོགས་གཅིག་ནས་ཨ་རི་དང་རྒྱ་ནག་ཐའེ་ལྦན་བཅས་དབར་འབྲེལ་བའི་ཁ་ཕྱོགས་དེ་སྔ་ཡོད་ནང་བཞིན་རང་གནས་སུ་ཆགས་རྒྱུ་རེ་བ་ཡོད་རེད་ཅེས་ཐེ་པེ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་མཁས་དབང་སྐུ་ཞབས་ཨེ་ལེག་ཛེན་དྲར་ཧོང་ནས་གསུངས་པ་དང་འབྲེལ་ཁོང་གིས་ཐག་གཅོད་དེ་ནི་ཨ་མི་རི་ཀའི་གཞུང་ནས་འོས་ཤིང་འཚམས་པའི་ཐག་གཅོད་ཅིག་རེད་ལ་དེར་རྒྱ་ནག་གཞུང་ནས་བསམ་ཤེས་གནང་དགོས་པ་ཞིག་དང་ཐའེ་ལྦན་ནས་དགའ་བསུ་ཞུ་དགོས་པ་ཞིག་རེད་ཅེས་གསུངས་འདུག

ཡང་ཐའེ་ལྦན་གྱི་གནད་དོན་ཐོག་མཁས་དབང་སྐུ་ཞབས་ཇེ་ཀོབ་སེས་གལ་སྲིད་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་ཐག་གཅོད་ལ་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཀྱི་ཡོད་པ་ཡིན་ན་དེའི་ལེ་ཁག་ཀྱང་རྒྱ་ནག་གཞུང་ནས་རང་ཉིད་ལ་ཡོད་རེད། གང་ཡིན་ཟེར་ན་ཉེ་ཆར་རང་རྒྱ་ནག་ནས་ཐའེ་ལྦན་ས་མཚམས་སུ་དམག་དོན་ཤུགས་ཆེ་རུ་བཏང་བ་དང་དེ་བཞིན་ར་ཤི་ཡ་དང་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ནས་གོ་མཚོན་ཉོ་སྒྲུབ་བྱས་པ་དེས་རང་བཞིན་གྱི་ཐའེ་ལྦན་རང་ཉིད་སྲུང་སྐྱོབ་ཆེད་གྲ་སྒྲིག་བྱེད་དགོས་ཀྱི་ཡོད་རེད་ཅེས་གསུངས་འདུག གང་ལྟར་ད་རེས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་སླར་ཡང་ཚོང་འགྲེམས་བྱེད་རྒྱུའི་ཐག་གཅོད་དེས་ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཇུས་རྒྱ་ནག་མཉམ་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་ཨ་རིའི་མཉམ་དེ་བས་འབྲེལ་བ་སྔར་བཞིན་བཟོས་ནས་མཐུན་འགྱུར་རག་ཐབས་ཀྱི་སྲིད་བྱུས་དེར་ལམ་ལྷོང་ཡོང་བའི་རེ་བ་གསར་པ་ཞིག་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎