བོད་དང་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་གློད་འགྲོལ་དགོས་སྐོར།

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གི་སྲིད་འཛིན་ལ་ཆབ་སྲིད་བཙོན་པ་ཁག་ཅིག་གློད་འགྲོལ་གཏོང་དགོས་པའི་ཕྱག་བྲིས་ཤིག་གནང་ཡོད་པ།

2009.06.03

༄༅༎ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ད་རེས་ཉེ་དུས་རྒྱ་ནག་ནང་གཟིགས་བསྐོར་གྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཇལ་འཛོམས་ཀྱི་སྐབས་སྲིད་འཛིན་ཧུ་ཇིན་ཏའོ་ལ་རྒྱ་ནག་གཞུང་གིས་བཙོན་བཅུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བང་རི་མཆོག་སྤྲུལ་རིན་པོ་ཆེ་དང་རོང་རྒྱལ་ཨ་བྲག་ལགས་གཙོས་པའི་བོད་དང་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་གློད་འགྲོལ་གཏོང་དགོས་པའི་ཕྱག་བྲིས་ཤིག་གནང་རྒྱུ་བྱུང་བའི་སྐོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསར་འགོད་པ་ཚོར་ཕྱིར་བསྒྲགས་གནང་ཡོད་པ་རེད།

དེ་ཡང་རྒྱུན་དུ་བོད་དོན་གྱི་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་སྲིད་ཞུའི་ལས་དོན་ནང་སྲིད་འཛིན་བགྲེས་གཞོན་གཉིས་ཀྱི་རྗེས་དབང་ཚད་མཐོ་ཤོས་ཡིན་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཁོང་ད་རེས་ཉེ་དུས་རྒྱ་ནག་ལ་གཟིགས་བསྐོར་གྱི་སྐབས་ཁོང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་སྐོར་གླེང་སློང་གནང་མེད་པའི་སྐྱོན་བརྗོད་དེ་བདེན་པ་མིན་པ་དང་ཁོང་གིས་རྒྱ་ནག་ནང་གཟིགས་བསྐོར་གྱི་སྐུ་དོན་གཙོ་བོ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་ཡིན་པ་དང་རྒྱ་ནག་ལྷན་གྲོས་མོལ་བྱ་ཡུལ་གྱི་གནད་དོན་གང་ཡིན་རུང་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མ་ཚུད་པ་ཡོག་མ་རེད་ཅེས་གསུངས་ཡོད་པ་དང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ལ་བོད་ཀྱི་ཆབ་སྲིད་བཙོན་པ་བང་རི་མཆོག་སྤྲུལ་རིན་པོ་ཆེ་དང་རོང་རྒྱལ་ཨ་བྲག་ལགས་ཀྱི་གཙོས་གཞན་ཡང་རྒྱ་ནག་གཞུང་གིས་བཙོན་བཅུག་བྱས་པའི་རྒྱ་ནག་གཞུང་དང་ལྟ་སྤྱོད་ཐ་དད་འཛིན་མཁན་ཆབ་སྲིད་བཙོན་པ་ཧུའུ་ཅ་དང་རྒྱ་ནག་གི་དམངས་གཙོ་བསྒྲགས་གཏམ་གསལ་བསྒྲགས་གནང་མཁན་ལུའུ་ཞ་པའོ།འགྲོ་བ་མིའི་ཐོབ་ཐང་ལ་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་གྲགས་ཅན་ཀའོ་ཀྲི་ཧྲེང་སོགས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་སྐོར་ཕྱག་བྲིས་ཤིག་སྲིད་འཛིན་མཆོག་ལ་གནང་རྒྱུ་བྱུང་སྐོར་ཡོང་བསྒྲགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎