ལྷོ་རྒྱ་ནག་གི་མཚོའི་དཀའ་རྙོག་ལ་སྐྱོན་བརྗོད།
2011.07.24
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་རྒྱ་ནག་ལྷོ་ཕྱོགས་མཚོ་ཁའི་བདག་དབང་ཐད་རྒྱ་ནག་དང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་དབར་འགྲིག་མཐུན་གྱི་བྱ་བར་འཇུག་རྒྱུ་ནི་དཀའ་རྙོག་སེལ་རྒྱུའི་གོམ་པ་དང་པོ་དེ་རེད་ཅེས་ཨིན་ཌོ་ནེ་ཤི་ཡའི་ནང་ཨེ་ཤེ་ཡའི་སྲུང་སྐྱོབ་ཀྱི་ཚོགས་ཆེན་གྲུབ་རྗེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་གནང་འདུག རྒྱ་ནག་ལྷོ་ཕྱོགས་མཚོ་ཁའི་བདག་དབང་ཐད་རྒྱ་ནག་ཙམ་མ་ཡིན་པར་བུ་ར་ནེ་དང་མ་ལེ་ཤེ་ཡ། ཕི་ལིན་པི། ཐེ་ལྦན། ལྦིཏ་ནམ་བཅས་ཀྱི་བདག་དབང་རྩོད་ཀྱི་ཡོད་པར་བརྟེན་རྒྱལ་ཁབ་དེ་དག་ནང་ཁུལ་འགྲིག་འཇགས་ཀྱི་གྲོས་མོལ་ལྷུག་པོ་དགོས་གལ་ཆེན་པོ་ཡོད་ལུགས་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་གསུངས་གནང་འདུག འཛམ་གླིང་གི་ཚོང་འབྲེལ་ཕྱེད་ཀ་ཙམ་རྒྱ་ནག་ལྷོ་ཕྱོགས་རྒྱ་མཚོ་བརྒྱུད་དགོས་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚགོས་དང་འབྲེལ་བ་ཆེན་པོ་ཡོད་ཀྱང་རྒྱ་ནག་གིས་དེ་ལྟར་ངོས་ལེན་བྱེད་ཀྱེད་མེད་པ་རེད། དེ་ལྟར་ཡང་རེས་གཟའ་ལྷག་པའི་ཉིན་རྦ་ལི་ནང་ལྷོ་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་གྱི་ཚོགས་ཆེན་ཐོག་རྒྱ་ནག་གིས་མ་འོངས་པར་ལྷོ་ཕྱོགས་མཚོ་ཁའི་དཀའ་རྙོག་སེལ་ཐབས་ཆེད་ཀུན་ལ་ཁྱབ་པའི་འགྲིག་གཞིའི་ཟིན་བྲིས་ཤིག་བཟོ་རྒྱུར་མོས་མཐུན་བྱས་ཡོད་འདུག།