ཁྲེང་ཀོང་ཁྲེང་རྒྱ་ནག་ནང་སྡོད་བློས་མི་བཟོད་པ།

ཨ་རིའི་གཞུང་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁྲན་གོང་ཁྲེན་དང་མུ་མཐུད་ནས་བཀའ་མོལ་གནང་བཞིན་ཡོད་ལུགས་འགྲེལ་བརྗོད།

2012.05.03

༄༅༎ཨ་རིའི་གཞུང་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁྲན་གོང་ཁྲེན་དང་མུ་མཐུད་ནས་བཀའ་མོལ་གནང་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་འདུག
འདས་པའི་ཉིན་ཤས་ནས་བཟུང་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཁྲིམས་རྩོད་ལོང་བ་ཁྲན་ གོང་ཁྲན་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་ཉེན་གཡོལ་དུ་འཛུལ་བ་དང་། དེ་ནས་སླར་ཡང་ཁོང་ཕྱིར་ལོག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་དེ་རིང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཝིཀ་ཀྲོ་རི་ཡ་ ནུ་ལེནདྲ་ནས། ཨ་རིའི་འབྲེལ་ཡོད་ཚོ་དང་། ཁྲན་དང་ཁོང་གི་བཟའ་ཟླ་གཉིས་ཀའི་མཉམ་བཀའ་མོལ་གནང་པའི་སྐབས་ཁོང་གཉིས་ནས་ད་ལྟའི་གནས་སྟངས་འོག་རྒྱ་ནག་ནང་སྡོད་བློས་བཟོད་ཀྱི་མེད་ལུགས་གསུངས་ཀྱི་འདུག་ཅེས་གང་ལྟར་ཆུ་ཚོད་འགའ་ཤས་ནང་ཁོང་གཉིས་ཀ་བློ་འགྱུར་ཡོད་པ་དང་། ད་དུང་ང་ཚོས་མུ་མཐུད་ནས་མཐའ་མ་ཁོང་གཉིས་ཀྱི་འདོད་པ་ག་རེ་ཡོད་མེད་བཀའ་མོལ་གནང་བཞིན་ཡོད་རེད་ཅེས་གསུངས་འདུག
ཡང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་ཀྱང་ཁྲན་ལ་ཞལ་པར་ཐོག་ནས་འདྲིས་རྩད་བྱས་པའི་སྐབས་ཁོང་གིས། ད་ལྟའི་གནས་སྟངས་འོག་རྒྱ་ནག་ནང་སྡོད་བློས་བཟོད་ཀྱི་མི་འདུག དེ་འདྲ་ཡིན་དུས་རྒྱལ་ཁབ་ནས་ཕྱིར་ཐོན་འདོད་ཡོད་ཅེས་ལན་རྒྱབ་ཡོད་འདུག ཁྲིམས་རྩོད་པ་ཁྲན་ཁོང་རང་ཉིད་མིག་ལོང་བ་ཡིན་ནའང་འདས་པའི་ལོ་ངོ་མང་པོའི་རིང་རྒྱ་ནག་ནང་ཕྲུ་གུ་གཅིག་ལས་སྐྱེས་མི་་ཆོག་པའི་བཙན་ཤེད་ཀྱི་སྐྱེས་སྒོ་བཀག་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་དང་། དེ་བཞིན་ཁོང་རང་ཉིད་ཀྱི་ས་གནས་སུ་གཞུང་གི་་ལས་བྱེད་ཚོས་དཀའ་ངལ་སྤྲད་པ་རྣམས་ལ་ཁྲིམས་ཀྱི་ཐོག་ནས་རོགས་རམ་གནང་ནས་མང་གཙོའི་ཐོབ་ཐང་བརྩོད་ལེན་གནང་ཡོད་པ་དང་། དེ་འདྲའི་གནས་སྟངས་འོག་ཁོང་རྒྱ་ནག་གཞུང་ནས་བཙོན་བཅུག་དང་། རིམ་པས་གློད་བཀྲོལ་ཐོབ་ཀྱང་བཟང་བཙོན་ལྟབུར་བཞག་ནས་བསུན་བཙིར་་བཟོས་པ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎