རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྡུག་ཏུ་ཕྱིན་པ།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད་སྐོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསར་དུ་འདོན་སྤེལ་གནང་བའི་སྙན་ཐོ།

2011.04.09

༄༅༎རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་ཕྱིན་ཡོད་སྐོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསར་དུ་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་གི་ནང་བཀོད་ཡོད་འདུག དེ་ཡང་འདི་ཚེས་༨ཉིན་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང༌། འདས་པའི་ལོ་གཅིག་གི་ནང་རྒྱ་ནག་གཞུང་གིས་ ཡུལ་དེའི་ཁྱོན་ཡོངས་ལ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ཐོག་དམ་དྲག་དང༌། ལྷག་པར་དུ་བོད་དང་ཤར་ཏུར་ཀིས་ཐན་གཉིས་ནང་དམིགས་བསལ་གྱི་དྲག་གནོན་ཆེན་པོ་བྱས་པ་སོགས་ཀྱིས། ཡུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉམས་དམས་ཀྱི་ཕྱོགས་སུ་ཕྱིན་ཡོད་པ་མ་ཟད། སྔ་ལོ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ནོ་སྦེལ་ཞི་བའི་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་པའི་རྗེས། རྒྱ་ནག་གཞུང་གིས་སྤྱི་ཚོགས་ནང་དམ་དྲག་དང༌། གཞུང་དང་བལྟ་ཚུལ་མི་མཐུན་པའི་མི་སྣ་ཚོའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ དཔེར་ན། དེང་སྐབས་རྒྱ་ནག་གཞུང་གིས་ སྤྱི་ཚོགས་ཀྱི་བདེ་དོན་ཞབས་ཞུའི་ལས་དོན་གཉེར་མཁན་ཚོགས་པ་ཁག་དང༌། མང་ཚོགས་ཀྱི་སྨྲ་བརྗོད་དང་། གསར་འགོད། དྲ་རྒྱ་བལྟ་ཀློག་གི་རང་དབང་བཅས་པའི་ཐོག་དམ་དྲག་ཤིན་ཏུ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁེ་དབང་རྩོད་ལེན་བྱེད་མཁན་ཆེས་མང་པོའི་ཐོག རྒྱལ་ཁབ་མགོ་རྟིང་སློག་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་དང༌། ཡང་གཞུང་དང་བལྟ་ཚུལ་མི་མཐུན་པའི་མི་སྣ་ཁྲི་ཚོ་མང་པོར་ རིག་འཚོ་མ་ཟིན་པ་ཡིན་ལུགས་བཤད་དེ་ བཙན་བཤེད་ཀྱི་ཐོག་ནས་མྱོན་པའི་སྨན་ཁང་ནང་འཇོག་གི་ཡོད་པ། བོད་དང་ཤར་ཏུར་ཀིས་ཐན་གཉིས་ཀྱི་ནང་ཕྱི་ལོ་༢༠༠༨དང་༢༠༠༩སོ་སོར་མང་ཚོགས་ཀྱིས་ངོ་རྒོལ་སྒེར་ལངས་བྱས་པའི་རྗེས། མངས་ཁུལ་དེ་དག་ནང་མང་ཚོགས་ཀྱི་རིགས་གཞུང་དང་ཆོས་དད་རང་དབང་ཐོག་ རྒྱ་ནག་གཞུང་གིས་དམིགས་བསལ་དམ་དྲག་དང་དྲག་གནོན་ཆེན་པོ་བྱེད་བཞིན་ཡོད་སྐོར། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་གསལ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎