ཀརྨ་བསམ་གྲུབ་བཙོན་འཇུག་བྱས་པར་ཨ་རིས་ཐུགས་ཕམ།

ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་ལོ་ངོ་བཅོ་ལྔའི་བཙོན་འཇུག་གི་ཉེས་ཆད་བཀལ་བར་ཨ་མི་རི་ཀའི་གཞུང་ལ་ཐུགས་ཕམ་བྱུང་བ།

2010.06.26

༄༅༎བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཀརྨ་བསམ་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་ལོ་ངོ་བཅོ་ལྔའི་བཙོན་འཇུག་གི་ཉེས་ཆད་བཀལ་བར་ཨ་མི་རི་ཀའི་གཞུང་ལ་ཐུགས་ཕམ་བྱུང་ལུགས་གསུངས་འདུག

ཀརྨ་བསམ་གྲུབ་ལགས་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཤུགས་ཆེ་གནང་མཁན་ཞིག་ཡིན་ལ་ བོད་ནང་གི་འབྱོར་ལྡན་ཆེ་བའི་ཚོང་པ་ཞིག་ཀྱང་ཡིན་པ་དང་ ལོ་གཅིག་ཁོང་ལ་རྒྱ་ནག་གཞུང་གིས་གཏོང་འཕོད་ཆེ་ཤོས་ཀྱི་མི་སྣའི་གཟེངས་བསྟོད་ཀྱང་ཕུལ་མྱོང་ཡོད་པ་ཞིག་ཡིན་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གཟའ་པ་སངས་ཉིན་ང་ཚོར་བྱ་སྤྱོད་དེར་ངེས་པར་དུ་བློ་ཕམ་ཡོད་ལ་ གནད་དོན་འདིའི་ཐད་ང་ཚོས་རྒྱ་ནག་གཞུང་ལ་མུ་འཐུད་གླེང་མོལ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔགས་བྱེད་པར་གཞིགས་ན་ ཀརྨ་བསམ་གྲུབ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་དོན་གཉེར་ཆེན་པོ་གནང་མཁན་ད་ལྟ་བཙོན་ཁང་ནང་ཡོད་པ་ཁོང་གི་སྤུན་ཆེད་རིན་ཆེན་བསམ་གྲུབ་ལགས་དང་འཆི་མེད་རྣམ་རྒྱལ་གཉིས་གློད་འགྲོལ་ཡོང་ཐབས་གནང་དྲག་སྟེ་རྒྱ་ནག་གཞུང་ལ་འཁོན་འཛིན་བཟོས་ཡོད་སྲིད་པ་ཡིན་འདུག་ཅིང་ རིན་ཆེན་བསམ་གྲུབ་ལགས་དང་འཆི་མེད་རྣམ་རྒྱལ་ལགས་གཉིས་ཀྱིས་ཁོང་རྣམ་པའི་ཕ་ཡུལ་ཆབ་མདོའི་ནང་རྒྱ་མིའི་ལས་བྱེད་པས་བོད་ཀྱི་རྩ་ཆེའི་རི་དྭགས་སྡེབ་གསོད་བྱེད་བཞིན་པར་ཡོངས་གྲགས་ཀྱི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ཀརྨ་བསམ་གྲུབ་ལགས་ལ་དུས་ཡུན་ཧ་ཅང་རིང་བའི་བཙོན་འཇུག་ཉེས་ཆད་ཀྱི་ཁྲིམས་ཐག་བཅད་པ་འདི་ནི་ཉེ་བའི་དུས་ཡུན་གྱི་ནང་རྒྱ་ནག་གཞུང་གིས་བོད་མི་རིག་རྩལ་བ་དང་རྩོམ་བྲིས་པ་ དེ་བཞིན་གཞས་པ་དང་ མཁྱེན་ལྡན་མི་སྣའི་ཐོག་དམ་དྲག་བྱེད་བཞིན་པའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་ལུགས་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

དགུང་གྲངས་༤༢ལ་ཕེབས་པའི་ཀརྨ་བསམ་གྲུབ་ལགས་ནི་བོད་ཀྱི་གནའ་བོའི་རིག་གནས་དངོས་རྫས་ཉོ་སྒྲུབ་གནང་མཁན་ཞིག་ཡིན་པ་དང་ཁོང་འདི་ལོ་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ཕྱི་ཟླ་༦པའི་ཚེས་༢༤ཉིན་ཁོང་ལ་ཚབས་ཆེའི་ཇག་བཅོམ་གྱི་ནག་ཉེས་བསགས་ལུགས་ཀྱི་གྱོད་གཞིའི་འོག་ལོ་བཅོ་ལྔའི་བཙོན་དུས་ཁྲིམས་བཅད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎