འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་ནག་ལ་སྐྱོན་བརྗོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པར་སྐྱོན་བརྗོད།

2011.04.29

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་མཀལ་སྤོས་ནར་གྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཚབ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་སྐོར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་ཞིག་གནང་ཡོད་པ་རེད་

ཕྱི་སྲིད་དྲུང་ཆེ་ཕྱག་རོགས་མཀལ་སྤོས་ནར་ནི་ཨ་རིའི་གཞུང་གི་རྒྱལ་སྤྱིའི་འགྲོ་བའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་འགན་འཁུར་བ་དེ་ཡང་ཡིན་ཞིང་ ཁོང་གིས་དབུ་ཁྲིད་པའི་ཨ་རིའི་གཞུང་གི་དཔོན་རིགས་ཁག་ཅིག་དང་རྒྱ་ནག་གཞུང་གི་ཕྱི་འབྲེལ་དཔོན་རིགས་ཁྲེན་ཞུས་ཟེར་བའི་འགོ་ཁྲིད་འོག་རྒྱ་གཞུང་དཔོན་རིགས་ཁག་ཅིག་ད་རེས་ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པི་ཅིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་སྐོར་ལྷན་ཚོགས་གནང་ཡོད་ཅིང་ ལྷན་ཚོགས་ཐོག་ཨ་རིའི་གཞུང་གིས་ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྩོམ་པ་པོ་དང་སྒྱུ་རྩལ་བ་ ཁྲིམས་རྩོད་པ་དང་གཞན་ཡང་དམངས་གཙོ་དོན་གཉེར་བ་སོགས་ལ་དྲག་གནོན་ཇེ་ཆེར་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་དོན་བཏོན་ཡོད་ནའང་རྒྱ་ནག་གཞུང་གིས་དེར་དང་ལེན་གནང་གི་་མེད་པས་གནས་ཚུལ་ཐོན་ཡོད་པ་རེད་

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་མཀལ་སྤོས་ནར་ཡིས་ཉེ་བའི་གཟའ་འཁོར་གྱི་ནང་རྒྱ་ནག་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་བརྩི་མེད་རྡོག་རོལ་དུ་བཏང་བའི་དོན་རྐྱེན་དེ་ཛ་དྲག་ཆེ་རུ་ཕྱིན་ཡོད་ལ་ ཉིན་ཤས་ཀྱི་གྲོས་མོལ་ནང་དུའང་ང་ཚོས་གླེང་སློང་བྱ་ཡུལ་གཙོ་བོ་ཛ་དྲག་གི་གནས་སྟངས་དེའི་སྐོར་བྱ་རྒྱུ་བྱུང་ཞེས་གསུངས་ཡོད་པ་རེད་

གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ ཨ་རིའི་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་གི་མངའ་ཁུལ་ལ་འཛིན་བཞིན་པའི་མ་འོས་པའི་སྲིད་བྱུས་དང་ དེ་བཞིན་རྒྱ་ནག་ནང་རྩོམ་པ་པོ་དང་ཁྲིམས་རྩོད་པ་སྒྱུ་རྩལ་བ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་ལ་བཀག་སྡོམ་གྱིས་དྲག་གནོན་བྱེད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་གླེང་སློང་ཤུགས་ཆེ་གནང་ཡོད་པ་་གསལ་གྱི་ཡོད་པ་རེད་

དེ་ལྟར་ཡང་རྒྱ་ནག་གཞུང་གི་ཚུར་ལེན་ལན་འཆར་འདི་རྒྱུན་ལྟར་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བེད་སྤྱོད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུར་ངོས་ལེན་གཏན་ནས་ཐུབ་ཐབས་མེད་སྐོར་གཏམ་བཤད་བྱེད་ཀྱི་ཡོད་པ་རེད་

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་ཨ་རིའི་གཞུང་གི་རྒྱ་ནག་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལེགས་བཅོས་ཀྱི་ཆེད་གྲོས་མོལ་ལ་བཞུགས་བཞིན་པ་འདི་གྲུབ་འབྲས་ཐོན་རྒྱུ་མེད་ན་གྲོས་མོལ་དེ་རིགས་ཞུ་དགོས་མིན་རྣོ་བསམ་སྐྱར་དུ་གཏོང་དགོས་ཀྱི་རེད་ཅེས་གསུངས་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎