ཨ་རིའི་སྲིད་འཛིན་འོས་དམིགས་ནས་བོད་མིར་རྒྱབ་སྐྱོར་ཡོད་པ།

ཨ་རིའི་སྲིད་འཛིན་འོས་དམིགས་ཨོ་སྦ་མ་མཆོག་གིས་༸གོང་ས་མཆོག་ལ་བསྔགས་བརྗོད་གནང་བ་དང༌བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོད་འདུག

2008.07.31

༄༅༎ཨ་རིའི་སྲིད་འཛིན་འོས་དམིགས་སྦ་རག་ཨོ་སྦ་མ་མཆོག་གིས་༸གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་གནང་བ་དང༌སྦྲགས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོད་ལུགས་གསུངས་ཡོད་འདུག།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་བསྐྱངས་གནང་བའི་སྐབས། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་སྐུ་ཞབས་འཇོན་མེ་ཀེན་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད་ ཁོང་གིས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཡོད་ལུགས་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་དམིགས་སྐུ་ཞབས་སྦ་རག་ཨོ་སྦ་མ་མཆོག་ས་གནས་སུ་བཞུགས་མེད་པར་བརྟེན་དངོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་ཐུབ་མེད་ཀྱང་ཁོང་གིས་ཕྱག་བྲིས་ཤིག་གནང་ཡོད་པ་རེད། གོང་ཞུས་ཕྱག་བྲིས་དེའི་ནང་༸གོང་ས་མཆོག་གིས་ད་བར་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་གནང་བཞིན་པའི་མཛད་རྗེས་ལ་བསྔགས་བརྗོད་ཞུས་པ་དང༌། ཆབས་ཅིག་བོད་མི་ཚོའི་ད་ལྟའི་གནས་སྟངས་ཉག་ཕྲ་པོ་འདི་འདྲའི་འོག་འཐབ་རྩོད་བྱེད་བཞིན་པར་གུས་བརྩི་དང༌། རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་གསུངས་ཡོད་པ་རེད།

འདི་ལོ་བོད་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་ནག་གཞུང་ནས་དྲག་གནོན་བྱས་པར་ཨ་རིའི་སྲིད་འཛིན་འོས་དམིགས་གཉིས་ཀས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་གི་མེད་ལུགས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎