རྒྱ་གར་གྱིས་ཕྱི་རྒྱལ་ནས་དམག་འཐབ་གནམ་གྲུ་ཉོ་སྒྲུབ།

རྒྱ་གར་གྱིས་ཕྱི་རྒྱལ་ཡུལ་ཁག་ནས་དམག་འཐབ་གནམ་གྲུ་ཉོ་སྒྲུབ་གནང་རྒྱུ་ཡིན་པ་ལྟར་དངོས་སུ་གནམ་གྲུར་ཚོད་ལྟ་འགོ་འཛུགས་གནང་རྒྱུ།

2009.07.22

༄༅༎རྒྱ་གར་གྱིས་ཕྱི་རྒྱལ་ཡུལ་ཁག་ནས་དམག་འཐབ་གནམ་གྲུ་༡༢༦ཉོ་སྒྲུབ་གནང་རྒྱུ་ཡིན་པ་ལྟར་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་དངོས་སུ་གནམ་གྲུར་ཚོད་ལྟ་འགོ་འཛུགས་གནང་རྒྱུ་ཡིན་སྐོར་དེ་རིང་རྒྱ་གར་གྱི་དམག་དོན་དཔོན་རིགས་ཚོས་གསུངས་བཞག

ཨ་མི་རི་ཀས་རྒྱ་གར་མཉམ་ཞེ་དྲག་གཉིས་ཀའི་འབྲེལ་ལམ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་གནང་རྒྱུའི་དམིགས་ཡུལ་ཐོག་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཊེན་ད་རེས་རྒྱ་གར་ལ་གཞུང་དོན་ཕྱོགས་བསྐྱོད་གནང་བར་ཕེབས་པའི་རྗེས་དེར་རྒྱ་གར་གྱིས་ཨ་མི་རི་ཀ་ནས་མ་གནས་ཌོ་ལར་ཐེར་འབུམ་བཅུ་དང་དྲུང་ཕྱུར་བཞི་དམག་གི་གནམ་གྲུ་ཉོ་སྒྲུབ་གནང་རྒྱུའི་མཐུན་གྲོས་བཞག་གནང་བའི་ཉིན་གཉིས་རྗེས་རྒྱ་གར་གྱིས་ཕྱི་རྒྱལ་ཡུལ་གྲུ་ནས་ཉོ་སྒྲུབ་གནང་རྒྱུའི་དམག་འཐབ་གནམ་གྲུ་ཁག་ལ་ཚོད་ལྟ་གནང་རྒྱུའི་གསལ་བསྒྲགས་དེ་གནང་ཡོད་པ་རེད།

རྒྱ་གར་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སི་ཏན་ཤུ་ཀར་ཡིས་ཚོད་ལྟ་དངོས་གཞི་དེ་ཕྱི་ཟླ་བརྒྱད་པའི་ནང་འགོ་འཛུགས་བྱ་རྒྱུ་དང་གནམ་གཤིས་འདྲ་མིན་སྐབས་གནམ་གྲུ་འཕུར་བསྐྱོད་ཀྱི་ཚོད་ལྟ་ཆ་ཚང་གནང་རྒྱུར་ལོ་གཅིག་ཙམ་འགོར་རྒྱུ་ཡིན་སྐོར་གསུངས་བཞག

ཨ་མི་རི་ཀའི་དམག་གི་གནམ་གྲུ་བཟོ་སྐྲུན་ཐད་འགྲན་བསྡུར་ཆེན་པོ་ཡོད་མཁན་གྱི་ཁེ་གཉེར་ལས་ཁང་ལོཀ་ཧི་དྲི་མའར་ཊིན་དང་སྦོ་ཨིང་གཉིས་ཀྱིས་རྒྱ་གར་དང་ཨ་མི་རི་ཀ་གཉིས་དབར་དྲག་པོའི་དམག་དོན་གྱི་གཞི་ཡུལ་ཐད་མཉམ་འབྲེལ་གནང་རྒྱུའི་ཐག་གཅོད་དེར་དགའ་བསུ་ཞུས་འདུག་ཅིང་ལྷོ་ཨེ་ཤེ་ཡའི་ནང་གི་ཨ་རིའི་ལོཀ་ཧི་དྲི་མའར་ཊིན་ཁེ་གཉེར་ལས་ཁང་གི་ཚོགས་གཙོ་རི་ཆ་དྲི་ཀ་ཀ་ལེན་ཌི་ཡིས་ཨ་རི་དང་རྒྱ་གར་གཉིས་དབར་དམག་དོན་གྱི་མཉམ་འབྲེལ་གོང་མཐོར་འགྲོ་གི་ཡོད་པའི་རྟག་མཚན་ཐོན་བཞིན་ཡོད་པ་རེད། ཁོང་ཚོའི་ངོས་ནས་རྒྱ་གར་གྱི་དཔུང་དམག་ལ་དམག་དོན་གྱི་དགོས་མཁོ་ཁག་མཁོ་འདོན་ཐུབ་པའི་རྒྱབ་སྐྱོར་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎