ཨ་རིས་བོད་དོན་འབྲེལ་འཐུད་སྐུ་ཚབ་གསར་དུ་བསྐོ་བཞག།

ཨ་རི་གཞུང་གིས་བོད་དོན་འབྲེལ་འཐུད་སྐུ་ཚབ་གསར་དུ་བསྐོ་བཞག་གནང་བ་ཕྱིར་བསྒྲགས་གནང་ཡོད་པ་རེད།

2009.10.02

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊེན་མཆོག་ནས་གཟའ་ཕུར་བུའི་ཉིན་ཨ་རི་གཞུང་གིས་བོད་དོན་འབྲེལ་འཐུད་སྐུ་ཚབ་གསར་དུ་བསྐོ་བཞག་གནང་བ་ཕྱིར་བསྒྲགས་གནང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་འབྲེལ་འཐུད་གནང་མཁན་གྱི་དམིགས་བསལ་སྐུ་ཚབ་དུ་ཨ་རིའི་ཕྱི་སྲིད་ལས་ཁང་གི་དམངས་གཙོ་དང་འཛམ་གླིང་གི་ལས་དོན་ལྷན་ཁང་དྲུང་ཆེ་ཕྱག་རོགས་ལྕམ་མཱ་རི་ཡ་ཨོ་ཊེ་རོ་གསར་དུ་བསྐོ་བཞག་གནང་བ་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་དང་གསལ་བསྒྲགས་དེའི་ནང་ལྕམ་ཨོ་ཊེ་རོ་ནས་ཨ་རིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་ལས་འཆར་ཁག་གཞིར་བཟུང་རྒྱ་བོད་དབར་གྱི་དཀའ་གནད་སེལ་རྒྱུར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ལམ་བྱ་རྒྱུའི་སྐོར་འཁོད་ཡོད་པ་དང་ད་དུང་དེའི་ནང་བོད་དོན་འབྲེལ་འཐུད་སྐུ་ཚབ་གསར་པས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་དབར་བསྐྱར་དུ་གྲོས་མོལ་ཡོང་རྒྱུ་དང་དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རོགས་རམ་ཐུབ་པའི་འཁོར་ཡུག་ཞིག་བསྐྲུན་ཐབས་གནང་རྒྱུ་ཡིན་པ་འཁོད་འདུག ད་རེས་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་གསར་དུ་བསྐོ་བཞག་གནང་བ་ཕྱིར་བསྒྲགས་གནང་ཡས་ཀྱི་ཉིན་མོ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ཉིན་མོ་དུས་གཅིག་འཁེལ་ཡོད་ཅིང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རང་བཙན་རྩོད་ལེན་གནང་གི་ཡོད་ལུགས་སྐྱོན་བཙུགས་ཀྱིས་ཟླ་བ་སྔོན་མ་ཕྱི་རྒྱལ་གྱི་དཔོན་རིགས་སུ་འདྲ་ཞིག་གིས་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་ཨ་རིའི་སྲིད་འཛིན་ཨོ་རྦ་མ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྒྱུར་ཡང་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎