ཨ་རིའི་སྲིད་དོན་པས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་རུ་ཕྱིན་སྐོར།

རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་རན་སྐབས་དེར་ཨ་རིའི་སྲིད་དོན་པ་རྣམས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་ངར་ཤུགས་ཆེ་རུ་ཕྱིན་འདུག

2010.03.15

༄༅༎ཨ་མི་རི་ཀའི་ནང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་རན་པའི་དུས་སྐབས་དེར་ཨ་རིའི་སྲིད་དོན་པ་རྣམས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་རྒྱུའི་ལས་དོན་དེ་ངར་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད་ འདི་ལོ་ཕྱི་ཟླ་༡༡ནང་ཨ་རིའི་ནང་གལ་གནད་ཆེ་བའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་གནང་རྒྱུ་ཡིན་པར་བརྟེན་སྲིད་དོན་པ་རྣམས་ཀྱིས་འོས་འཕེན་པ་རྣམས་ཀྱི་འོས་ཤོག་ཐོབ་ཆེད་ཨ་རིའི་ནང་གི་ལས་ཀ་ཁག་རྒྱ་ནག་གིས་འཁྲོག་གི་ཡོད་པའི་བསམ་ཚུལ་ཤུགས་ཆེ་ཡོད་པ་དེར་བསྟུན་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ངར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད་

རྒྱ་ནག་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ལོ་ངོ་གཅིག་རིང་སྲིད་འཛིན་ཨོ་སྦ་མས་རྒྱ་ནག་ལ་ཨི་རན་དང་བྱང་ཀོ་རི་ཡ་ འཛམ་གླིང་ཁོར་ཡུག་དང་དཔལ་འབྱོར་གྱི་གནད་དོན་སོགས་པའི་ཐོག་གུ་བཤང་བྱེད་པའི་རེ་བའི་འོག་སྐྱོན་བརྗོད་གནང་མེད་ཀྱང་དཆ་གོང་ཞུས་ཀྱི་གནད་དོན་དེ་དག་ཐོག་གྲུབ་འབྲས་གང་ཡང་སོན་མེད་སྟབས་རྒྱ་ནག་གིས་དངུལ་གྱི་འཛའ་ཐང་དེ་ཆེད་མངགས་ཆུང་ཆུང་བཞག་པ་དེས་ཨ་རིའི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པའི་སྐྱོན་བརྗོད་ཡོང་བཞིན་ཡོད་པ་རེད་ ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐོག་ཨ་མི་རི་ཀས་ཐེ་ཝན་ལ་དངུལ་སྒྲོ་ལར་འཐེར་འབུམ་མང་པོ་གནས་པའི་གོ་མཚོན་ཚོང་འགྲེམས་གནང་རྒྱུའི་གནད་དོན་དང་སྲིད་འཛིན་ཨོ་སྦ་མས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་རྐྱེན་གྱིས་ཡུལ་གཉིས་བར་གྱི་འབྲེལ་བའི་གནས་བབ་དེ་ཡག་པོ་ཞིག་མེད་ཁར་ཨ་རིའི་སྲིད་དོན་པ་རྣམས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་གནང་རྒྱུ་དེ་དེ་བས་ཕྱོགས་ཕན་ཚུན་བར་གྱི་འབྲེལ་བའི་གནས་བབས་ཐོག་དོ་ཕོག་ཐེབས་རྒྱུ་ཡིན་པ་རེད་

དཔེར་ན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨར་ལེན་སི་པེཀ་ཀྲར་ཡིས་རྒྱ་ནག་གིས་ང་ཚོའི་ཁྲོམ་ར་དང་ལས་ཀ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་རེད་ཅེས་དང་རྒྱ་ནག་གིས་ཕྱིའི་ཡུལ་ཁག་དང་ཚོང་འབྲེལ་བྱེད་སྟངས་དེ་རྒྱལ་སྤྱིའི་ཐོག་ཇག་བཅོམ་གྱི་ལས་ཀ་དང་འདྲ་མཚུངས་ཆགས་ཀྱི་འདུག་ཅེས་གསུང་འདུག    ཡིན་ནའང་རྒྱལ་ས་ཝ་ཤིང་ཀྲོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གིས་གྲོས་ཚོགས་ཀྱི་འཐུས་མི་རྣམས་པར་དངུལ་གྱི་འགྲོ་གྲོན་ཤུགས་ཆེའི་འོག་ཞུ་བསྐུལ་བྱས་ནས་རྒྱ་ནག་དང་ཨ་རི་བར་གྱི་འབྲེལ་བ་དེ་མི་མཐུན་པ་ལས་མཐུན་པའི་ཆ་རྐྱེན་མང་བ་ཡོད་པའི་ཞུ་སྐུལ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎