རྒྱ་གར་དང་ཨ་རི་བར་འབྲེལ་ལམ་ཡར་རྒྱས་གཏང་འཆར།

རྒྱ་གར་དང་ཨ་རི་གཉིས་ཀྱི་འབྲེལ་བ་དམ་ཟབ་གཏོང་རྒྱུའི་གོ་སྐབས་བཟུང་དགོས་པའི་སྐོར་གནད་དོན་དབྱེ་པ་ཚོས་རེ་སྐུལ་ཞུ་བཞིན་ཡོད་འདུག

2010.11.04

༄༅༎ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་ཕེབས་སྐབས་སྲིད་འཛིན་མཆོག་ནས་རྒྱ་གར་དང་ཨ་རི་གཉིས་ཀྱི་འབྲེལ་བ་དམ་ཟབ་གཏོང་རྒྱུའི་གོ་སྐབས་བཟུང་དགོས་པའི་སྐོར་གནད་དོན་དབྱེ་པ་ཚོས་རེ་སྐུལ་ཞུ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་འདིའི་རེས་གཟའ་སྤེན་པ་ནས་བཟུང་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་ཨེ་ཤི་ཡའི་ཡུལ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད་ སྲིད་འཛིན་མཆོག་ནས་རྒྱ་གར་དེ་བཞིན་རྒྱལ་སྤྱིའི་ཡུལ་ཁག་ཁོང་ནས་  ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཡིན་པའི་སྐོར་དེ་སྔ་འགྲེལ་བརྗོད་གནང་ཡོད་པ་མ་ཟད་ སྔ་ལོ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ཨ་རིར་རྒྱལ་དོན་འཚམས་གཟིགས་གནང་སྐབས་སྲིད་འཛིན་གྱི་ཕོ་བྲང་ནང་རྒྱ་གར་གྱི་སྲིད་བློན་མཆོག་ལ་རྒྱས་སྤྲོས་ལྡན་པའི་གསོལ་སྟོན་ཐོག་མ་དེ་འདེགས་འབུལ་ཞུས་ཏེ་ཨ་རིས་རྒྱ་གར་དང་འབྲེལ་བ་དམ་ཟབ་གྱི་རྣམ་པ་མཚོན་པའི་ཆེད་མཐོང་ཞུས་ཡོད་པ་རེད་   ཡིན་ཡང་རྒྱ་གར་ནང་ཁུལ་དུ་གནད་དོན་དབྱེ་ཞིབ་པ་མང་པོས་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་དང་འབྲེལ་ཐག་ཉེ་རུ་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་ པ་ཀི་སི་ཐན་ལ་ཚད་མཐོའི་རོགས་སྐྱོབ་མུ་མཐུད་བྱེད་པ་དང་ལྷག་པར་དུ་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་གསུང་བཤད་ཐོག་སྦ་རཀ་ཨོ་སྦ་མ་མཆོག་ནས་ཀཤི་མིར་གྱི་རྩོད་རྙོག་སེལ་ཐབས་ཆེད་བར་འདུམ་གྱི་སྣང་འཆར་གསལ་འདོན་གནང་བའི་གནད་དོན་བཅས་ལ་རྐྱེན་པས་རྒྱ་གར་ཐོག་སྲིད་ཇུས་ཇི་ལྟར་བཟུང་མིན་ཐད་བློ་དོགས་བསྐྲུན་ཡོད་པ་རེད་ ད་ཆ་ཨ་རིའི་སྲིད་འཛིན་མཆོག་གི་ཨེ་ཤི་ཁུལ་དུ་རྒྱལ་དོན་འཚམས་འདྲིན་ཕེབས་ལ་ཉེ་བའི་སྐབས་ཨ་རིའི་གནད་དོན་བྱེད་པ་ཁག་གིས་སྲིད་འཛིན་མཆོག་ནས་ད་རེས་ཀྱི་གཟིགས་སྐོར་འདིའི་ཐོག་རྒྱ་གར་གྱི་བློ་དོགས་གཙང་སེལ་བཟོ་རྒྱུའི་གོ་སྐབས་བཞེས་དགོས་པའི་སྐོར་སྐུལ་ལྕགས་གནང་གི་ཡོད་འདུག སྲིད་འཛིན་ཟུར་པ་ཇོཇ་ཌབ་ལུ་སྦུཤི་ཡིས་སྲིད་གཞུང་སྐབས་ རྒྱ་གར་ནང་ཨ་རིའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་རོ་སྦཏ་སྦེ་ལེཀ་ལྦེལ་གྱིས་གསུངས་ན་ སྲིད་འཛིན་ཨོ་སྦ་མ་མཆོག་ནས་ད་རེས་ཀྱི་གཟིགས་སྐོར་འདིའི་སྐབས་རྒྱ་གར་གྱི་གྲོས་ཚོགས་ཐོག་སྩལ་རྒྱུའི་གསུང་བཤད་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ཁོངས་སུ་རྒྱ་གར་ལྷན་ཞུགས་བྱེད་རྒྱུའི་སྣང་འཆར་ལ་་རིས་རྒྱབ་བསྐྱོར་ཞུ་རྒྱུའི་ཁས་ལེན་གནང་ཚེ་རྒྱ་གར་གཞུང་མང་གཉིས་ཀའི་ཐོག་ནས་ཨ་རིར་ཡིད་ཆེས་བློས་འགེལ་ཐེབས་རྒྱུའི་ཕན་རླབས་ཀྱི་སྐུལ་ལྕགས་གནང་བཞག དེ་བཞིན་སྲིད་འཛིན་ཟུར་པ་སྦུཤི་ཡིས་སྲིད་གཞུང་སྐབས་གནས་ཡོད་མི་སྣའི་གྲས་སྐུ་ཞབས་རི་ཆདྲ་ཨར་མི་ཏཇ་དང་ནི་ཀོ་ལ་སི་སྦན་སི་རྣམ་གཉིས་ནས་ཀྱང་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་རྒྱ་གར་ལྷན་ཞུགས་གནང་རྒྱུར་སྲིད་འཛིན་མཆོག་ནས་རྒྱབ་སྐྱོར་གནང་དགོས་པ་མ་ཟད་ད་རེས་ཀྱི་གཟིགས་སྐོར་འདིའི་བརྒྱུད་ཨ་རི་གཞུང་གིས་རྒྱ་གར་ལ་ཆེས་དེང་རབས་ཅན་གྱི་གོ་མཚོན་གྱི་འཕྲུལ་རིགས་ཕྱིར་འདྲེན་བཀག་སྡོམ་གྱི་སྲིད་ཇུས་ཡང་ཕྱིར་བསྡུ་གནང་དགོས་པའི་ནན་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎