ཨ་རི་དང་རྒྱ་གར་གྱི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ།

ཨ་མི་རི་ཀ་དང་རྒྱ་གར་གཉིས་དབར་ཆེས་མཐོའི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ་དངོས་སུ་འགོ་བཙུགས་གནང་འདུག

2010.04.06

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀ་དང་རྒྱ་གར་གཉིས་དབར་ཆེས་མཐོའི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ་དངོས་སུ་འགོ་བཙུགས་གནང་སྟེ། དེའི་དམིགས་ཡུལ་ནི། ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་མཉམ་དུ་ཚོང་འབྲེལ་བྱེད་པའི་ལས་དོན་ཐོག་ཡང་སེ་དཀའ་ངལ་བཟོ་གི་ཡོད་པར་བརྟེན་རྒྱ་གར་དང་ཨ་མི་རི་ཀའི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་རེད།

རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྱི་གྲོས་མོལ་དངོས་གཞི་དེ་ནི། རྒྱ་གར་དུ་འཚམས་འདྲི་ཕེབས་པའི་ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་སྐུ་ཞབས་ཀྲི་མ་ཐི་གའེ་ཐི་ནར་དང་རྒྱ་གར་གྱི་ནོར་སྲིད་བློན་ཆེན་པར་ནབ་མུ་ཁར་ཇི་རྣམ་གཉིས་གྲོས་མོལ་གནང་སྟེ། རྒྱ་གར་གྱི་ནོར་སྲིད་བློན་ཆེན་མཆོག་གིས། ད་རེས་ཡུལ་གྲུ་གཉིས་བར་ལ་ཚོང་ལས་མཉམ་འབྲེལ་གྱི་ལས་དོན་དེ་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཡིན་པའི་བསྔགས་བརྗོད་ཞུས་ཡོད་པ་དང། ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་མཆོག་ནས་ཀྱང། འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱ་གར་དང་ང་ཚོ་ཨ་མི་རི་ཀའི་གཉིས་དབར་དུ་དཔལ་འབྱོར་དང་ཚོང་འབྲེལ་མཉམ་ལས་བྱེད་རྒྱུ་དེ་ནི། དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་འཛམ་གླིང་གི་དཔལ་འབྱོར་ལམ་ལུགས་སྲ་བརྟན་ཡོང་རྒྱུའི་འབད་བརྩོན་གནང་བཞིན་པའི་ལས་དོན་ལམ་ལྷོང་ཡོང་རྒྱུར་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་པ་གསུང་ཡོད་པ་རེད། ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་གྱི་ནོར་སྲིད་བློན་ཆེན་དང་མཇལ་འཕྲད་མ་གནང་གོང་དེར། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིང་དང་མཇལ་འཕྲད་ཞུས་ཏེ། དུས་ཡུན་ཚོུད་ཕྱེད་ཀའི་རིང་བཀའ་མོལ་གནང་སྟེ། ཁོང་གིས་རྒྱ་གར་གྱི་ཁྲོམ་རའི་ནང་ཨ་མི་རི་ཀའི་ཚོང་ལས་ཀྱི་མ་རྩ་འཛུགས་འཇོག་བྱེད་རྒྱུར་སྒོ་མོ་འབྱེད་དགོས་པའི་ནན་བརྗོད་གནང་ཡོད་པ་རེད།

ཨ་མི་རི་ཀ་དང་རྒྱ་གར་ཡུལ་གྲུ་གཉིས་བར་གྱི་དཔལ་འབྱོར་དང་ཚོང་ལས་མཉམ་འབྲེལ་གནང་རྒྱུའི་ལས་དོན་གསར་པ་དེའི་སྐོར། ན་ནིང་ཕྱི་ཟླ་༡༡པའི་ནང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིང་མཆོག་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲིར་ཕེབས་པའི་སྐབས་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཐོག་མར་གསལ་བསྒྲགས་གནང་བ་དང་ད་རེས་དངོས་སུ་གྲོས་མོལ་འགོ་བཙུགས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎