རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་གཞིར་རྒྱ་ནག་ནས་བརྩི་སྲུང་དགོས་སྐོར།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་འབྲེལ་གྱི་སྒྲིག་གཞིར་བརྩི་སྲུང་དང་ལེན་ཡོང་ཆེད་ཨ་རི་གཞུང་གིས་ལངས་ཕྱོགས་མཁྲེགས་ཙམ་བཟུང་རྒྱུ།

2010.02.04

༄༅།།རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་འབྲེལ་གྱི་སྒྲིག་གཞིར་བརྩི་སྲུང་དང་ལེན་དང་རྒྱ་ནག་གི་ཡུའན་ཤོག་སྒོར་གྱི་འཛའ་ཐང་ལ་གང་དྲན་བཅག་གཅོག་མི་ཡོང་བའི་སླད་ཨ་རི་གཞུང་གིས་ལངས་ཕྱོགས་མཁྲེགས་ཙམ་བཟུང་རྒྱུ་ཡིན་པའི་སྐོར་ཨ་རིའི་སྲིད་འཛིན་མཆོག་གིས་གསུངས་ཡོད་པ་རེད།

ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཚོས་རྒྱ་ནག་གཞུང་གི་རྒྱུན་རིང་ནས་ཡུའན་ཤོག་སྒོར་གྱི་འཛའ་ཐང་གི་སྲིད་ཇུས་བཟུང་སྟངས་ལ་བརྟེན་ནས་རྒྱ་ནག་ནང་ཁུལ་གྱི་བཟོ་ཚོང་ལས་ཁང་ཚོར་ཚོང་འབྲེལ་གྱི་ཁེ་ཕན་ཆེ་བ་དང་དེས་རྐྱེན་པས་རྒྱ་ནག་གི་ཁྲོམ་རའི་ནང་ཕྱི་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་ཚོར་ཚོང་འབྲེལ་གྱི་འགྲན་བསྡུར་ཆ་སྙོམ་མེད་པའི་གནས་སྟངས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་མའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྐབས་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ཡུལ་ཁག་ཚོས་ད་ཡོད་རྒྱལ་སྤྱིའི་ཚོང་འབྲེལ་གྱི་སྒྲིག་གཞི་ཁག་ལ་དོ་དམ་གྱི་ལག་ལེན་འཁེལ་བ་དང་དེ་བཞིན་ཕྱི་ཕྱོགས་ལ་ཨ་རིའི་ཁྲོམ་རའི་སྒོ་མོ་ཕྱེ་པ་ལྟར་ཨ་རིའི་དངོས་ཟོག་ལའང་དེ་མཚུངས་ཕྱི་ཕྱོགས་ལ་ཨ་རིའི་ཁྲོམ་རའི་སྒོ་མོ་འདུ་མཚུངས་ཕྱེ་དགོས་པའི་སྐོར་གནོན་ཤུགས་དང་སྲིད་ཇུས་བརྟན་པོ་བཟུང་རྒྱུ་ཡིན་ལུགས་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་ སྲིད་འཛིན་མཆོག་གིས་ཚོང་འབྲེལ་གྱི་ཐད་ནས་རྒྱལ་སྤྱིའི་ཐོག་དཀའ་ངལ་ཆེ་ཤོས་ཤིག་ནི་རྒྱལ་ཁབ་ཀྱི་མ་དངུལ་གྱི་འཛའ་ཐང་གཏན་འབེབས་བྱེད་ཕྱོགས་ལ་རྐྱེན་པས་དངོས་ཟོག་གི་རིང་གོང་ལ་མཐོ་དམའི་བར་ཁྱད་སོང་སྟེ་ཚོང་འབྲེལ་ཆ་སྙོམ་མེད་པའི་གན་དདོན་དེར་ནན་བརྗོད་གནང་ཡོད་པ་རེད་ མ་དངུལ་གྱི་འཛའ་ཐང་ཆ་ནས་བལྟས་པ་ཡིན་ན་པི་ཊར་སེན་ཞེས་པའི་དཔལ་འབྱོར་ཉམས་ཞིབ་ལྟེ་གནས་ཁང་གིས་རྒྱ་ནག་གི་ཡུའན་ཤོག་སྒོར་གྱི་འཛའ་ཐང་དེ་འཛམ་གླིང་སྤྱི་ཡོངས་ཀྱི་མ་དངུལ་གྱི་འཛའ་ཐང་ལས་བརྒྱ་ཆ་༣༠་ཙམ་གྱི་དམའ་བ་དང་ཨ་རིའི་ཌོ་ལར་གྱི་འཛའ་ཐང་ལས་བརྒྱ་ཆ་༤༠ཙམ་གྱི་མཛའ་ཐང་དམའ་བ་བཟུང་གི་ཡོད་པའི་ཚོད་དཔག་གནང་གི་ཡོད་ལ་བདུན་ཕྲག་འདིའི་ནང་ཁེ་ན་ཌའི་ནང་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ནོར་སྲིད་བློན་ཆེན་གྱི་ལྷན་ཚོགས་སྐབས་རྒྱ་ནག་གཞུང་གིས་ཡུའན་ཤོག་སྒོར་གྱི་འཛའ་ཐང་བཅག་གཅོག་གི་གནད་དོན་ཐད་གྲོས་མོལ་བཀའ་བསྡུར་གནང་རྒྱུ་ཡིན་པའི་སྐོར་ཨ་རིའི་ནོར་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎