ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་བརྒྱུད་ལམ་ཁག་ནས་སྲིད་འཛིན་གྱི་གཟིགས་བསྐོར་གྱི་གནས་ཚུལ་བཀོད་ཕྱོགས་ལ་སྐྱོན་བརྗོད།

2009.11.20

༄༅༎རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་སྲིད་འཛིན་གྱི་གཟིགས་བསྐོར་གྱི་གནས་ཚུལ་བཀོད་ཕྱོགས་ལ་སྐྱོན་བརྗོད་གནང་ཡོད་འདུག

ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་མཆོག་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཅིག་དང་ལྷག་པར་དུ་རྒྱ་ནག་ལ་ཕེབས་པའི་སྐབས་རྒྱ་ནག་ནང་གི་གསར་ཤོག་ཁག་ནང་གནས་ཚུལ་ཧ་ཅང་ཁྱབ་ཆེན་པོ་བཀོད་ཐོན་བྱུང་ཡོད་པ་མ་ཟད་རྒྱ་ནག་མང་ཚོགས་ནས་ཨ་རིའི་སྲིད་འཛིན་ལ་དོ་སྣང་དང་དགའ་མོས་ཡོད་པའི་རྣམ་པ་བསྟེན་ཡོད་རེད། ཡིན་ནའང་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་དེ་ལས་ལྡོག་ཏེ་སྲིད་འཛིན་ངོས་ནས་གལ་ཆེའི་གནད་དོན་དཔེར་ན་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་དང་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནད་དོན་སོགས་ཀྱི་ཐོག་དོན་དམ་གྱི་བཀའ་མོལ་ཞིག་གནང་ཐུབ་མེད་པ་དང་། དེ་དང་ཕྱོགས་མཚུངས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ནུས་པ་ཐོན་པ་ཞིག་གསལ་པོ་གསུངས་མེད་ལུགས་སོགས་སྐྱོན་བརྗོད་དང་འབྲེལ་བའི་གནས་ཚུལ་བཀོད་ཐོན་བྱས་པ་དེ་ནི་དངོས་ཡོད་གནས་སྟངས་ཤེས་རྟོག་མེད་པའི་ཐོག་ནས་ཡིན་ལུགས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་ཇོན་ཧན་སེ་མན་ནས་འགྲེལ་བརྗོད་གནང་འདུག

ཁོང་གིས་ཨ་རི་དང་རྒྱ་ནག་གི་དབུ་འཁྲིད་རྣམ་པའི་མཇལ་འཕྲད་སྐབས་གནད་དོན་དེ་དག་གི་ཐོག་ཞིབ་ཕྲའི་ཐོག་ནས་བཀའ་བསྡུར་གནང་ཡོད་རེད་ལ་མཇལ་འཕྲད་གནང་བའི་སྐབས་ཕྲན་རང་ཡང་མཉམ་ཞུགས་བྱས་ཡོད་ཅེས་དེ་རིང་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ནང་སློབ་ཕྲུག་ཚོའི་དབར་བགྲོ་གླེང་གནང་བའི་སྐབས་ཤིག་གསུངས་གནང་ནས་གང་ལྟར་ཕྱི་ཕྱོགས་ནས་ཨ་རིའི་སྲིད་འཛིན་གྱི་གཟིགས་བསྐོར་ལམ་ལྷོང་ལྡན་པ་ཞིག་བྱུང་མེད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་ཀྱང་དོན་དམ་པའི་ཐོག་ནས་བཀའ་བསྡུར་ལྷུག་པོ་བྱུང་ཡོད་ལུགས་གཏམ་བཤད་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎