ཕརེངྐ་ལྦུལྥ་མཆོག་ནས་བོད་ལ་རྒྱབ་སྐྱོར་ཆེད་འབོད་སྐུལ་གནང༌བ།
2012.03.18
༄༅༎ཨ་མེ་རི་ཀའི་གྲོས་ཚོགས་འོག་པའི་ཁྲིམས་བཟོ་ཡོངས་གྲགས་ཅན་ཕརེངྐ་ལྦུལྥ་ (Frank Wolf) གྱིས་རྒྱ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཞུས་གནང་འདུག།
བོད་མི་གསུམ་གྱི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དུས་ཚོད་ངེས་མེད་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་ཞིག་གནང་བའི་ནང་དུ་ཨ་མེ་རི་ཀའི་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་འོག་པའི་ཁྲིམས་བ་གཙོ་གྲས་ ཕེ་རེངྒ་འུལུབ་(Frank Wolf)གྱིས་ བོད་མི་གསུམ་གྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་དུས་ཚོད་ངེས་མེད་རིང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་བ་དེས་རང་ཉིད་ལ་སེམས་འཚོར་ཆེན་པོ་བྱུང་། བོད་མི་སྒེར་པ་དེ་དག་གིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གཙོས་པའི་གདུག་རྩུབ་དྲག་གནོན་བྱེད་བཞིན་པར་འོད་སྣང་བསྐྲུན་ཐབས་བྱེད་ཀྱི་ཡོད་རེད། ད་ཆ་བོད་ནང་རང་ལུས་མེར་བསྲེག་གི་དོན་རྐྱེན་བར་མཚམས་མེད་པར་དེ་རིང་བར་དུ་བྱུང་བ་དེས་བོད་མི་ཚོས་ད་བར་དཀའ་སྡུག་མྱང་མྱོང་བཞིན་པ་དེ་ང་ཚོར་དྲན་གསོ་སླང་གི་ཡོད་རེད་ཅེས་གསུངས་ཡོད་འདུག།