ཡུ་གུར་དབུ་ཁྲིད་ཀྱི་ནང་མིར་གནོད་འཚེ་མི་གཏོང་བའི་འབོད་སྐུལ།

ཨ་རིའི་ཕྱོགས་ནས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་དབུ་ཁྲིད་ཀྱི་ནང་མི་ཚོར་རྒྱ་ནག་གཞུང་གིས་གནོད་འཚེ་མི་གཏོང་བའི་འབོད་སྐུལ་གནང་བ།

2009.08.28

༄༅༎རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱོགས་ནས་འདི་ག་ཨ་མི་རི་ཀའི་ནང་དུ་ཡོད་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་དབུ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་གྱི་ཤིང་ཅང་ནང་དུ་ལུས་པའི་ནང་མི་ཚོར་རྒྱ་ནག་གཞུང་གིས་གནོད་འཚེ་མི་གཏོང་བའི་འབོད་སྐུལ་གནང་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་པི་ཇེ་ཁ་རའོ་ལི་ཡིས་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་དབུ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ཕྱི་ལོ་ཉིས་སྟོང་ལྔ་ལོར་རྒྱ་ནག་གཞུང་གིས་བཙོན་འགྲོལ་བཏང་བ་ནས་བཟུང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་གནས་སྡོད་བྱེད་བཞིན་པ་ཁོང་གི་བུ་ཕྲུག་དང་སྤུན་མཆེད་ཚོའི་ས་ཁང་ས་ཞིང་གི་བདག་དབང་རྒྱ་ནག་གཞུང་གིས་བཙན་འཕྲོད་བྱེད་ཀྱི་ཡོད་པི་གནས་ཚུལ་གསལ་པོ་གཏན་འཁེལ་བ་བརྗོད་རྒྱུ་མེད་ཀྱང་སྤྱིར་བཏང་གི་གནས་སྟངས་ཐོག་ནས་ཞུས་ན་ང་ཚོའི་རེ་བ་ལ་རྒྱ་ནག་གཞུང་ཕྱོགས་ནས་ར་སྦི་ཡ་ཀ་རྡིར་གྱི་ནང་མི་དང་སྤུན་མཆེད་ཀྱི་ཐོག་ལ་བཙན་སྐུལ་དང་གནོད་འཚེ་མི་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ལ་ད་དུང་ང་ཚོའི་ངོས་ནས་ཁོང་གི་ནང་མི་སྤུན་མཆེད་ཚོའི་གནས་སྟངས་ཐོག་ལ་ཟབ་ནན་གྱིས་ལྟ་ཞིབ་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་དབུ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ལ་ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤར་ཏུར་ཀི་སི་ཐན་ནང་དུ་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དེ་སྐུལ་སློང་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱས་ཀྱང་ཁོང་གིས་ནག་ཉེས་དེ་བདེན་པ་མིན་པའི་འགྲེལ་བརྗོད་བྱས་པ་མ་ཟད་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད། ལྕམ་ར་སྦི་ཡ་ཀ་རྡིར་ལ་བུ་ཕྲུག་བཅུ་གཅིག་ཡོད་པ་དང་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་གསུངས་ན་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་དུ་ལུས་པའི་ཁོང་གི་བུ་ཕྲུག་དང་ཕྲུ་གུའི་ཕྲུ་གུ།ཁོང་གི་སྤུན་མཆེད་གཙོས་པའི་ཁྱོན་ཁོང་གི་ནང་མི་སུམ་བཅུ་ལྷག་གི་ས་ཁང་ས་ཞིང་བཙན་འཕྲོག་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎