ཨ་རི་དང་ལྦེཏ་ནམ་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུ།

རྒྱ་ནག་དང་ཁྱིམ་མཚེས་ཡུལ་གྲུའི་དབར་མཚོ་གླིང་ཁག་ཅིག་གི་བདག་དབང་ཐོག་རྩོད་གཞི་ཇེ་ཆེར་འགྲོ་བཞིན་པ།

2011.06.18

༄༅༎རྒྱ་ནག་དང་ཁྱིམ་མཚེས་ཡུལ་གྲུ་ཁག་གཅིག་གི་དབར་མཚོ་གླིང་རེ་བཟུང་གི་བདག་དབང་ཐད་ཀྱི་རྩོད་གཞི་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར་གཟའ་པ་སངས་ཉིན་ཨ་མེ་རི་ཀ་དང་ཝེཏ་ནམ་བཟུང་འབྲེལ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་མཚོ་ཐོག་བལྟ་ཞིབ་དང་འགྲིམ་འགྲུལ་ལ་སོགས་པའི་ལས་གཞི་སྤེལ་རྒྱུའི་རང་དབང་ཡོད་པའི་གསལ་བསྒྲགས་གནང་ཞིང་དེ་དང་དུས་མཚུངས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་དམག་འཐབ་དྲག་ལས་སྤེལ་རྒྱུར་ངོ་རྒོལ་ཡོད་པ་བརྗོད་ཡོད་པ་རེད།

ཨ་མེ་རི་ཀ་དང་ཝེཏ་ནམ་གྱི་སྐུ་ཚབ་མི་སྣའི་དབར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་མོལ་གནང་རྗེས་ཡུལ་གྲུ་གཉིས་ཀྱི་ངོས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་ཞི་བདེ་བརྟན་ལྷིངས་གནས་ཐབས་དང་མཚོ་ཐོག་གི་རང་དབང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་དང༌། ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ཡོད་པའི་རྩོད་གླེང་ཡོངས་རྫོགས་ཐུབ་ཚོད་དང་དྲག་ལས་སྤེལ་བའི་ལམ་ནས་སེལ་ཐབས་བྱེད་པ་མ་ཡིན་པར་ཕན་ཚུན་མཉམ་འབྲེལ་དང་ཆབ་སྲིད་བརྒྱུད་ལམ་གྱི་ཐོག་ནས་སེལ་ཐབས་བྱེད་དགོས་ཀྱི་རེད་ཅེས་བརྗོད་འདུག།

ཉེ་བའི་འཆར་ཝེཏ་ནམ་གཞུང་གིས་རྒྱ་ནག་གི་དམག་གྲུས་ཝེཏ་ནམ་གྱི་རྡོ་སྣུམ་གཏེར་ལས་ཞིབ་འཇུག་ཁང་ཞིག་ལ་གཏོར་སྐྱོན་བཏང་པ་དང་།དེ་དང་འབྲེལ་བ་ཡོད་པའི་གློག་སྐུད་བཅད་པ་སོགས་ཀྱི་སྐྱོན་འཛུགས་ཤུགས་ཆེ་བྱས་པའི་རྗེས་ཝེཏ་ནམ་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་མཚོན་མདེལ་ངོ་མ་བེད་སྤྱོད་བྱེད་པའི་དམག་སྦྱོང་བྱས་པའི་གནས་ཚུལ་བྱུང་ཞིང༌། ད་ཆ་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཁུལ་གྱི་རྩོད་གཞི་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎