ཨ་རི་དང་ཉི་ཧོང་གི་དམག་དོན་སྦྱོང་བདར།

ཨ་རི་དང་ཉི་ཧོང་གཉིས་ནས་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ནང་ཟུང་འབྲེལ་གྱི་དམག་སྦྱོང་གཞི་རྒྱ་ཆེ་ཤོས་ཤིག་བྱེད་རྒྱུ་ཡིན་པའི་གནས་ཚུལ།

2010.12.02

༄༅༎ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ནས་ཉེ་ལམ་ཟུང་འབྲེལ་གྱི་དམག་སྦྱོང་ལེགས་གྲུབ་ཟིན་པའི་ཉིན་ཤས་རྗེས་རེས་གཟའ་པ་སངས་ཉིན་ཨ་རི་དང་ཉི་ཧོང་གཉིས་ནས་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ནང་ཟུང་འབྲེལ་གྱི་དམག་སྦྱོང་གཞི་རྒྱ་ཆེ་ཤོས་ཤིག་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎

རྒྱལ་ཁབ་གཉིས་ཀྱི་ཟུང་འབྲེལ་དམག་སྦྱོང་གི་ལས་འཆར་འདི་བཞིན་ཉེ་སྔོན་ལྷོ་ཀོ་རི་ཡའི་ཐོག་བྱང་ཀོ་རི་ཡའི་མེ་འཕེན་གྱི་ཚུར་རྒོལ་བྱས་པའི་དོན་རྐྱེན་མ་བྱུང་གོང་གཏན་འབེབས་བྱས་པའི་ལས་འཆར་ཞིག་ཡིན་འདུག་པ་དང་ད་རེས་ཀྱི་དམག་སྦྱོང་འདི་བཞིན་ཨ་རི་དང་ཉི་ཧོང་དབར་མཐུན་འབྲེལ་གྱི་གྲོས་འཆམ་བཞག་ཏེ་ལོ་ངོ་༥༠འཁོར་བའི་དུས་ཚེས་སྲུང་བརྩི་དང་སྟབས་བསྟུན་ཡིན་པའི་སྐོར་ཟུང་འབྲེལ་གྱི་དམག་སྦྱོང་ནང་ཨ་མི་རི་ཀའི་ལས་འཆར་འགན་འཛིན་དམག་སྤྱི་ལྦི་ལིཡེམ་ལྦོ་སེ་ཞུ་བས་གསལ་འདོན་གནང་བཞག

ད་རེས་ཀྱི་དམག་སྦྱོང་འདིའི་ནང་ཉི་ཧོང་གི་དམག་མི་གྲངས་༣༤༠༠༠དང་མཚོ་དམག་གྲུ་གཟིངས་༤༠གནམ་དམག་གནམ་གྲུ་༢༥༠དང་ཡང་ ཨ་རིའི་ཕྱོགས་ནས་དམག་མི་གྲངས་༡༠༠༠༠ཙམ་དང་མཚོ་དམག་གྲུ་གཟིངས་༢༠གནམ་དམག་གནམ་གྲུ་༡༥༠བཅས་མཉམ་ཞུགས་བྱས་ཐོག་ རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ནང་དམག་སྦྱོང་གཞི་རྒྱ་ཆེ་ཤོས་དེ་ཡིན་པ་རེད་ ལྷག་པར་དུ་ཉེ་ཆར་ཀོ་རི་ཡའི་སྤྱི་གླིང་ནང་བྱང་ཀོ་རི་ཡའི་ཚུར་རྒོལ་ལ་རྐྱེན་པས་དམག་འཁྲུག་གི་ཉེན་ཚབས་སློང་བའི་སྐབས་ད་རེས་ཀྱི་དམག་སྦྱོང་འདིའི་བརྒྱུད་བྱང་ཀོ་རི་ཡ་ལ་དམག་དོན་གྱི་བརྡ་ལན་མཚོན་པ་མ་ཟད་ ཨ་རི་དང་ཉི་ཧོང་གཉིས་ནས་ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་རྒྱལ་ཁབ་གསུམ་པོ་གཅིག་སྒྲིལ་གྱི་རྣམ་པ་གསལ་འདོན་ཆེད་ད་རེས་ཀྱི་དམག་སྦྱོང་འདིའི་ནང་ལྷོ་ཀོ་རི་ཡའི་མཐོ་རིམ་དམག་སྤྱི་མང་པོ་མཉམ་ཞུགས་ཆེད་གདན་ཞུ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎