ཨ་རི་དང་རྒྱ་ནག་བར་འབྲེལ་བ་བཙུགས་ནས་ལོ་༣༠འཁོར་བ།

ཨ་རི་དང་རྒྱ་ནག་དབར་གཞུང་འབྲེལ་འབྲེལ་བ་བཙུགས་སྟེ་དེ་རིང་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་ལ་དྲན་གསོ་ཞུས་པའི་གཏམ་བཤད་སྤེལ་བ།

2008.12.31

༄༅༎ཨ་རི་དང་རྒྱ་ནག་དབར་གཞུང་འབྲེལ་འབྲེལ་བ་བཙུགས་སྟེ་དེ་རིང་ལོ་ངོ་སུམ་ཅུ་འཁོར་གྱི་ཡོད་པ་རེད། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐུས་མི་ཏའེ་པིང་ཀུའོ་ཡིས་ཡུལ་གཉིས་དབར་གཞུང་འབྲེལ་འབྲེལ་ལམ་བཙུགས་སྟེ་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་ལ་དྲན་གསོ་ཞུས་པའི་གསུང་བཤད་ཅིག་རྒྱ་ནག་ཉིན་རེའི་གསར་ཤོག་གི་རེས་གཟའ་མིག་དམར་གྱི་དཔར་ངོས་ཐོག་འདོན་སྤེལ་བྱས་པའི་ནང་རྒྱ་ནག་དང་ཨ་རིའི་དབར་མཉམ་ལས་མི་བྱེད་པའི་གནད་དོན་ཞིག་ཕལ་ཆེར་མེད་ཅེས་གསུངས་པའི་གཏམ་བཤད་བཀོད་ཡོད་པ་དང་ཡིན་ནའང་གནད་དོན་དབྱེ་ཞིབ་པ་ཚོས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་དགའ་བའི་རྒྱ་ནག་གཞུང་གིས་དུས་དྲན་དེའི་སྐོར་གཞུང་འབྲེལ་གསར་ཤོག་གཞན་གྱི་ཐོག་གནས་ཚུལ་གླེང་སློང་གང་ཡང་གནང་གི་མེད་སྐོར་དམིགས་བསལ་གྱི་གཟིགས་ཚུལ་ཞིག་ཡོང་གི་ཡོད་པའི་ཚོར་སྣང་ངོ་སྤྲོད་གནང་གི་ཡོད་པ་རེད།

ཨ་མི་རི་ཀས་ཕྱི་ལོ་༡༩༧༠འི་ནང་རྒྱ་ནག་དང་གཞུང་འབྲེལ་འབྲེལ་བ་དེ་གསང་རྒྱ་ཆེན་པོ་ཞིག་ངང་འགོ་འཛུགས་བྱས་ཡོད་པ་དང་དེ་ནི་གཙོ་བོ་རང་གི་མང་ཚོགས་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལྷན་འབྲེལ་བ་འཛུགས་རྒྱུར་དགག་པ་ཡོང་ངེས་ལ་བརྟེན་གསང་རྒྱ་ཆེན་པོ་གནང་ཡོད་པ་དང་སྐབས་དེར་རྒྱ་ནག་ལྷན་འབྲེལ་བ་འཛུགས་དགོས་པའི་ཆབ་སྲིད་ཀྱི་གནད་འགག་དེ་ནི་ཨུ་རུ་སུའི་སྟོབས་ཤུགས་འགོག་ཐབས་ཀྱི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎