ཨ་རིས་རྒྱ་ནག་ལ་བོད་དོན་ཐད་ཛ་དྲག་གི་འབོད་སྐུལ།
2011.11.05
༄༅༎རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་ལྡོག་གཏང་དགོས་པ་ཨ་རི་གཞུང་གིས་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་འདུག
ཕྱི་ཚེས་༤ཉིན་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ལྦིཀ་ཀྲོ་རི་ཡ་ནུ་ལེནདྲ་ཡིས་གསུངས་ན། བོད་ནང་ཉུང་ཐར་མི་བཅུ་གཅིག་གིས་རང་ལུས་མེར་སྲེག་བཏང་ནས། རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་དང་། ང་ཚོས་གནད་དོན་དེའི་ཐོག་སེམས་ཚབས་ཆེན་པོ་ཡོད་པ་སྔ་རྗེས་འགལ་མེད་ཀྱི་སྒོ་ནས་ཐད་ཀར་རྒྱ་ནག་གཞུང་ལ་གསལ་སྟོན་བྱས་ཡོད། རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་འཛིན་ནས་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་བྱུང་བ་ཞིག་ཡིན་པར་བརྟེན། ང་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་གིས་བོད་མི་གནས་ཡོད་བོད་ཀྱི་ས་གནས་ཁག་ནང་ད་ཡོད་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་ལྡོག་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ལྕམ་ནིའུ་ལེནདྲ་ཡིས་མུ་མཐུད་གསུང་བར། ཨ་རི་གཞུང་གིས་གསར་འགོད་པ་དང་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་བོད་ཀྱི་ས་གནས་ཁག་ནང་བལྟ་ཞིབ་ཏུ་གཏང་དགོས་པའི་ཛ་དྲག་གི་འབོད་སྐུལ་རྒྱ་ནག་གཞུང་ལ་མུ་མཐུད་ཞུ་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་རྒྱ་ནག་གི་སྤྱི་འབངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུས་ཏེ། ད་ལྟའི་ཛ་དྲག་གི་གནས་སྟངས་སེལ་ཐབས་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག།