བལ་གཞུང་ནས་ཁྲིམས་འགལ་ནག་ཅན་ལ་ཁྲིམས་བཤེར་དགོས།
2009.07.29
༄༅༎བལ་ཡུལ་ནང་འདས་པའི་མི་ལོ་བཅུའི་རིང་མའོའི་སྒྲིག་འཛུགས་དང་བལ་ཡུལ་གཞུང་གི་དབར་ཟིང་འཁྲུག་རྒྱུན་རིང་ལངས་སྐབས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གདལ་བཤིག་གཏོང་མཁན་ཚོ་དུས་ད་ལྟའང་སུ་གཅིག་ལའང་ནག་ཉེས་ཡོད་ལུགས་ཁྲིམས་གཏུགས་ཞིབ་བཤེར་བྱས་མི་འདུག་པས་བལ་ཡུལ་གཞུང་གིས་ཁྲིམས་འགལ་ནག་ཅན་དེ་ཚོ་ཁྲིམས་བཤེར་ནན་པོ་བྱས་ཏེ་དྲང་བདེན་དབྱེ་ཞིབ་གནང་དགོས་ཀྱི་རེད་ཅེས་བལ་ཡུལ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་རི་ཆ་ཌེ་སྦེ་ནེཏ་ཡིས་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་གསུངས་ཡོད་པ་རེད། ཁོང་གིས་མུ་མཐུད་གསུངས་ན་ཁོང་གིས་མའོའི་ཚོགས་པའི་འགོ་ཁྲིད་པུཤི་པ་ཀ་མལ་རྡ་ཧལ་མཇལ་འཕྲད་གནང་སྟེ་ཕྱི་ལོ་ཉིས་སྟོང་ལྔའི་ལོར་འབར་རྫས་གས་གཏོར་གྱི་ལམ་ནས་མི་གྲངས་སུམ་ཅུ་སོ་དགུ་བསད་པའི་ཁྲིམས་འགལ་གྱི་བྱ་བ་ཐེ་བས་མའོའི་སྒྲིག་འཛུགས་ཁོངས་ཀྱི་འཇབ་དམག་ཚོས་སྔོན་ཆད་མི་ཆོས་ལས་འདས་པའི་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་མཁན་ཚོར་ཁྲིམས་བཤེར་ཁྲིམས་གཏུགས་བྱེད་དགོས་ཞེས་སྐུལ་འདེད་ནན་པོ་གནང་ཡོད་པ་རེད། ཡིན་ནའང་ད་ལྟ་བར་མའོའི་སྒྲིག་འཛུགས་ཁོངས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བྱེད་མཁན་མི་གཅིག་ཀྱང་བལ་ཡུལ་གཞུང་གིས་འཛིན་བཟུང་དང་ཁྲིམས་བཤེར་བྱས་ཡོད་པ་མ་རེད་ལ་མའོའི་ཚོགས་པའི་རྒྱབ་སྐྱོར་མེད་ཕྱིན་ཆད་ལ་བལ་ཡུལ་གྱི་པུ་ལི་སིའི་ངོས་ནས་ཁྲིམས་འགལ་བ་ཞིབ་འཇུག་བྱེད་རྒྱུའི་འདོད་པ་བྱེད་ཀྱི་ཡོག་མ་རེད་ཅེས་ཀྱང་བལ་ཡུལ་ནང་རྟེན་གཞིབ་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་རི་ཆ་ཌེ་སྦེ་ནེཏ་ཡིས་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་མུ་མཐུད་གསུངས་ཡོད་པ་རེད།