ཨབ་ག་ནི་སི་ཐན་དུ་གྲོས་མོལ་གྱི་རེ་བ་ཡོད་སྐོར།

ཏ་ལི་བན་དྲག་སྤྱོད་ཤོག་ཁག་གིས་དམག་འཐབ་མཚམས་འཇོག་མེད་པར་ཡིད་ཐང་ཆད་དེ་གྲོས་མོལ་གྱི་བརྒྱུད་རིམ་ནང་ཞུགས་རྒྱུའི་རེ་བ།

2010.06.17

༄༅༎ཨབ་ག་ནི་སི་ཐན་གྱི་ཏ་ལི་བན་དྲག་སྤྱོད་ཤོག་ཁག་གི་ཚོགས་མི་ཚོས་ཁུལ་དེའི་ནང་དམག་འཐབ་མཚམས་འཇོག་མེད་པའི་གནས་སྟངས་ལ་ཡིད་ཐང་ཆད་དེ་གྲོས་མོལ་གྱི་བརྒྱུད་རིམ་ནང་ཞུགས་རྒྱུའི་རེ་བ་ཆེ་ཙམ་ཆགས་ཡོད་པའི་སྐོར་ཨབ་ག་ནི་སི་ཐན་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སི་ཀྲི་ཕན་ཌེ་མི་སི་ཀྲུ་ར་ཡིས་གསུངས་གནང་འདུག

ཨཕ་ཀྲེན་པོསི་ཀྲེན་ཞེས་པའི་སུད་ལྦི་ཌེན་གྱི་ཉིན་རེའི་གསར་ཤོག་གི་དྲ་རྒྱའི་གསར་འགོད་པས་ཨབ་ག་ནི་སི་ཐན་གྱི་གནས་སྟངས་སྐོར་ཁུལ་དེའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སི་ཀྲི་ཕན་ཌེ་མི་ཀྲུ་ར་ལ་བཅར་འདྲི་བྱས་པའི་སྐབས་ རྒྱལ་ཚོགས་ཀྱི་སྐུ་ཚབ་མཆོག་ནས་ཁོང་གི་ལས་ཁུངས་བརྒྱུད་གནས་ཚུལ་མཁོ་སྤྲོད་བྱུང་པར་གཞིགས་ན་ཨབ་ག་ནི་སི་ཐན་ནང་དྲག་ཟིང་མཚམས་འཇོག་མེད་པའི་གནས་སྟངས་ལ་ཡུལ་མི་ཙམ་མ་ཟད་ཏ་ལི་བན་ཤོག་ཁག་ཀྱང་ཡིད་ཐང་ཆད་བཞིན་ཡོད་པ་སྐོར་གསལ་འདོན་གནང་བཞག དེ་ཡང་ཁོང་གིས་ཨབ་ག་ནི་སི་ཐན་གྱི་དམག་འཁྲུག་ནང་ཏ་ལི་བན་ཤོག་ཁག་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ནམ་ཡང་མེད་པ་དང་ རྒྱལ་ཁབ་དབང་བསྒྱུར་ཐུབ་པའི་རེ་བ་ཡང་ནམ་ཡམས་མེད་པ་དེ་ཏ་ལི་བན་ཤོག་ཁག་ཚོས་ཤེས་རྟོགས་ཡོད་མུས་རེད་ལ་ གནས་སྟངས་འདིའི་འོག་ཏ་ལི་བན་ཤོག་ཁག་དང་གྲོས་མོལ་གྱི་སྒོ་མོ་ཕྱེ་པའི་རེ་བ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུག ཡང་ནམ་ཞིག་ཏ་ལི་བན་ཤོག་ཁག་དང་གྲོས་མོལ་དངོས་སུ་འགོ་ཚུགས་བྱུང་ཚེ་གྲོས་མོལ་གྱི་བརྒྱུད་རིམ་དེ་བཞིན་ཕྱོགས་ཕན་ཚུན་དབར་ཡིད་ཆེས་བློས་འགེལ་ཐོག་ནས་ཁ་ཁུ་སིམ་པོའི་ངང་གྲོས་མོལ་བྱ་རྒྱུ་ལས་ལྷན་ཚོགས་ཀྱི་ངོ་བོ་ལྟ་བུ་ཕྱི་གསལ་དོད་པོས་གྲོས་མོལ་ཡོང་རྒྱུ་ཡིན་པའི་སྐོར་གསུངས་པ་དང་གཞན་དངོས་སུ་གྲོས་མོལ་གྱི་འཆར་གཞིའི་སྐོར་ཞིབ་ཕྲའི་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སི་ཀྲི་ཕན་མི་སི་ཀྲུ་ར་མཆོག་ནས་ཉེ་སྔོན་ཕྱི་ཟླ་༣པའི་ནང་ཨབ་ག་ནི་སི་ཐན་ནང་དམག་ཤེད་ཅན་གུལ་སྦུ་རྡིན་ཧེཀ་མ་ཡཏ་ཡར་གྱིས་སྣེ་འཁྲིད་པའི་ཧེཛ་ཨེ་ཨི་སི་ལ་མི་ཞེས་པའི་དཔུང་ཁག་གི་སྐུ་ཚབ་ལྷན་དང་མཇལ་འཕྲད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎