སྐྱབས་བཅོལ་བར་སྒོ་མོ་ཕྱེས་དགོས་པའི་འབོད་སྐུལ།

འཛམ་གླིང་གི་ཡུལ་ཁག་གི་གཞུང་ཁག་གིས་རང་རང་སོ་སོའི་ས་མཚམས་སྐྱབས་བཅོལ་བར་སྒོ་ཕྱེ་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་

2011.06.20

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་འགན་འཛིན་གྱིས་འཛམ་གླིང་གི་ཡུལ་ཁག་གི་གཞུང་ཁག་གིས་རང་རང་སོ་སོའི་ས་མཚམས་སྐྱབས་བཅོལ་བར་སྒོ་ཕྱེ་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཨེན་ཀྲོ་ནི་ཡོ་གེ་ཀྲེ་རེཛ་ཡིས་རེས་གཟའ་ཟླ་བ་ཉིན་ཨི་ཀྲ་ལི་རྒྱལ་ས་རོམ་ནང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཨེན་ཇེ་ལི་ན་ཇོ་ལི་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ངོས་རང་གིས་འཛམ་གླིང་གི་ཡུལ་ཁག་གི་གཞུང་ཁག་གིས་རང་རང་སོ་སོའི་ས་མཚམས་སྐྱབས་བཅོལ་བ་རྣམས་སྲུང་སྐྱོབ་ཆེད་སྒོ་ཕྱེ་གནང་དགོས་ཞེས་འབོད་བསྐུལ་ཞུ་གི་ཡིན་ཞེས་གསུང་འདུག

བྱང་ཨཕི་རི་ཀའི་ཡུལ་གྲུ་ཀྲུ་ནི་ཤི་ཡ་དང་ལི་བི་ཡ་ནང་གཞུང་ལ་གྱེན་ལོག་གི་གནས་ཚུལ་བྱུང་དང་བྱུང་བཞིན་པ་དེས་ཡུལ་གྲུ་དེ་དག་གི་མི་སེར་སྟོང་ཕྲག་མང་པོ་ཞིག་ཨི་ཀྲ་ལིའི་མཚོ་གླིང་ལེམ་པེ་དྲུ་ས་ཞེས་པར་སྐྱབས་བཅོལ་དུ་འབྱོར་དང་འབྱོར་བཞིན་ཡོད་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་འགན་འཛིན་སྐུ་ཞབས་གེ་ཀྲེ་རེཛ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཨེན་ཇེ་ལི་ན་ཇོ་ལི་ རྣམ་གཉིས་གོང་ཞུས་མཚོ་གླིང་དེར་རེས་གཟའ་ཉི་མ་ཉིན་གཟིགས་ཞིབ་གནང་ཡོད་པ་རེད་ ཡང་གསར་འགོད་པས་སྐུ་ཞབས་གེ་ཀྲེ་རེཛ་ལ་ཨི་ཀྲ་ལིའི་ཕྱི་མི་གཞིས་སྤོས་བྱེད་མཁན་ལ་མི་དགའ་བ་བྱེད་མཁན་ནོར་ཐན་ལིག་ཞེས་པའི་སྲིད་དོན་ཚོགས་པ་དེས་ཡུལ་ནང་ལི་བི་ཡ་ནས་ཡོང་བའི་སྐྱབས་བཅོལ་བ་རྣམས་ཡུལ་དེར་ཕྱིར་ལོག་བྱེད་དགོས་པའི་དགོས་འདུན་དེར་ལི་བི་ཡ་ནང་ནང་འཁྲུག་བྱུང་བཞིན་ཡོད་པ་དང་ཡུལ་དེའི་སྐྱབས་བཅོལ་བ་རྣམས་ཕྱིར་སློག་གནང་ན་འགྲིག་གི་མེད་སྐོར་གསུང་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གིས་རེས་གཟའ་ཟླ་བ་ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་ནང་སྐྱབས་བཅོལ་བའི་མི་འབོར་དེ་ས་ཡ་ ༤༤ ཆགས་ཀྱི་ཡོད་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎