ལུགས་མཐུན་ཁྲིམས་ཞིབ་མེད་པའི་སྲོག་ཐོག་ལ་སྐྱོན་བརྗོད།

མཉམ་འབྲེལ་རྒྱལ་ཚོགས་ནང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་དམངས་ཀྱི་མཐུན་ཚོགས་ཀྱིས་རྒྱ་གཞུང་ནས་བོད་མི་སྲོག་ཐོག་བཏང་བར་ངོ་རྒོལ།

2009.10.24

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་དམངས་ཀྱི་མཐུན་ཚོགས་ཀྱིས་ཉེ་ཆར་ཟླ་བ་འདིའི་ཚེས་ཉི་ཤུ་ཉིན་བོད་ནང་བོད་མི་བཞི་སྲོག་ཐོག་བཏང་བའི་གནས་ཚུལ་ཕྱི་ལ་ཁྱབ་པ་དེར་བློ་འཚབ་དང་འབྲེལ་རྒྱ་ནག་གིས་བོད་མི་དེ་རྣམས་ལ་ལུགས་མཐུན་ཁྲིམས་ཞིབ་མ་བྱས་པ་དང་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པར་སྐྱོན་བརྗོད་དྲག་པོ་གནང་བཞག

མཉམ་འབྲེལ་རྒྱལ་ཚོགས་ནང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་དམངས་ཀྱི་མཐུན་ཚོགས་ཀྱི་དྲུང་ཆེ་མཱ་རི་ནོ་སྦུ་སི་རྡ་ཆིན་གྱིས་ད་རེས་བོད་མི་བཞི་སྲོག་ཐོག་བཏང་བའི་གནད་དོན་དེ་ནི་རྒྱ་ནག་གིས་ཆེད་མངགས་བྱས་པའི་ཕྱི་གསལ་ནང་གསལ་མེད་པའི་ཁྲིམས་ལུགས་ཀྱི་འབྱུང་འབྲས་ཤིག་ཡིན་པ་དང་དབང་ཆ་གཅིག་བསྡུས་རིང་ལུགས་འོག་སྲོག་ཐོག་གཏོང་རྒྱུ་སྔ་ས་ནས་ཐག་གཅོད་བྱས་ཟིན་པ་དང་ཞུ་གཏུགས་བྱེད་མཁན་ཁྲིམས་རྩོད་པར་འཇིགས་སྣང་སྐུལ་བ། སྲོག་ཐོག་གཏོང་མཁན་ག་དུས་ཡིན་ནས་གྲ་སྒྲིག་ཨང་གསར་ངང་ཡོད་པའི་དབང་ཆ་གཅིག་བསྡུས་ལམ་ལུགས་ཐོག་རྟེན་པའི་རྒྱ་ནག་གཞུང་གིས་རང་དབང་དང་དྲང་བདེན་གྱི་ཁྲིམས་དཔྱོད་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་བའི་ཡིད་སྐྱོའི་དཔེ་ཚོན་ཞིག་རེད་ཅེས་རྒྱ་གཞུང་གིས་ཉེ་ཆར་བོད་མི་བཞི་ལ་ཁྲིམས་དཔྱོད་སོགས་གང་ཡང་མ་བྱས་པར་གློ་བུར་སྲོག་ཐོག་བཏང་བའི་བྱ་སྤྱོད་ལ་རྒྱལ་ཚོགས་ནང་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་དམངས་ཀྱི་མཐུན་ཚོགས་ཀྱི་དྲུང་ཆེ་མཱ་རི་ནོ་སྦུ་སི་རྡ་ཆིན་གྱིས་སྐྱོན་བརྗོད་གནང་འདུག

ནེ་ཐར་ལེན་ཌིའི་གྲོང་ཁྱེར་ཧེག་ནང་སྤེལ་གནང་བའི་གོང་ཞུས་མཐུན་ཚོགས་ཀྱི་གསལ་བསྒྲགས་དེའི་ནང་རྒྱ་ནག་གིས་ཉེ་བའི་ཆར་ཤར་ཏུར་ཀིསྟཱན་དང་བོད་ནང་སྲོག་ཐོག་བཏང་བའི་གནད་དོན་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ད་ལོ་ལོ་དྲུག་བཅུ་འཁོར་བའི་སྐབས་སུའང་བོད་དང་ཤར་ཏུར་ཀིསྟཱན་ལྟ་བུའི་མངའ་ཁུལ་ནང་མི་རིགས་རྩགཏོར་གཏོང་བའི་རྒྱ་ནག་གི་སྲིད་བྱུས་དེ་མཚམས་འཇོག་བྱ་རྒྱུ་སྟར་ཞོག་ དེར་འགྱུར་བ་ཙམ་ཡང་གཏོང་རྒྱུའི་འདོད་པ་མེད་པའི་རྟགས་མཚན་གསལ་པོ་ཞིག་ཡིན་སྐོར་སྐྱོན་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎