རྒྱལ་ཚོགས་ནས་མའོ་ཚོགས་པའི་དྲག་འཐབ་པར་ཉེན་བརྡ།

མའོ་ཚོགས་པའི་དྲག་འཐབ་པ་རྣམས་སྡོད་སྒར་ཁག་ནས་ཕྱིར་འདོན་ཏེ་སྲིད་དོན་ཚོགས་ཆེན་དུ་བཞུགས་ན་འགྲིག་མིན་གྱི་འགག་ཆ་གནང་འདུག

2010.11.19

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་དོན་གཅོད་ཀྱིས་དམར་ཤོག་མའོ་ཚོགས་པའི་དྲག་འཐབ་པ་རྣམས་སྡོད་སྒར་ཁག་ནས་ཕྱིར་འདོན་ཏེ་སྲིད་དོན་ཚོགས་ཆེན་དུ་བཞུགས་ན་འགྲིག་མིན་གྱི་འགག་ཆ་གནང་འདུག

དམར་ཤོག་མའོའི་ཚོགས་པའི་སྲིད་དོན་ཚོགས་ཆེན་དེའི་ནང་མའོའི་དྲག་འཐབ་པ་སྡོད་སྒར་ཁག་ནས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཀྱི་གཟིགས་རྟོགས་འོག་གནས་སྡོད་བྱེད་བཞིན་པ་རྣམས་ཕྱིར་ཐོན་ཏེ་སྲིད་དོན་ཚོགས་པའི་ཚོགས་ཆེན་ནང་བཞུགས་མི་ཆོག་པའི་གྲོས་མཐུན་དང་འགལ་འཇོལ་འགྲོ་གི་ཡོད་པའི་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་དོན་གཅོད་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།   

འོན་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་ནང་དམར་ཤོག་མའོ་ཚོགས་པའི་དྲག་འཐབ་པ་མི་གྲངས་ཆིག་སྟོང་སྐོར་དམག་ཤོག་མའོ་ཚོགས་པའི་ཚོགས་ཆེན་དུ་ཚོགས་བཞུགས་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་དོན་གཅོད་ཀེ་རིན་ལེན་གེ་རེན་གྱིས་ཡིག་ངག་གཉིས་ཐོག་གནང་བའི་བརྡ་འཕྲིན་གྱི་དོན་སྙིང་ནི། དམར་ཤོག་མའོའི་ཚོགས་པ་དང་དེ་མིན་སྲིད་དོན་ཚོགས་པ་ཚང་མས་བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་ལ་དོ་ཕོག་འགྲོ་གཞིའི་རིགས་བྱས་ན་འགྲིག་མིན་གསལ་བཏོན་གནང་ཡོད་པ་རེད།   

དམར་ཤོག་མའོའི་ཚོགས་པའི་དྲག་འཐབ་པ་རྣམས་གཞུང་དམག་ཁོངས་ཟླ་བསྒྲིལ་གཏོང་འཆར་ཡང་ད་ཕན་བལ་ཡུལ་གཞུང་དམག་དང་དམར་ཤོག་མའོའི་ཚོགས་པའི་དབར་མའོའི་དྲག་འཐབ་པ་རྣམས་ཀྱི་འཚོ་རྟེན་མདུན་ལམ་བཟོ་ཕྱོགས་ཐད་མི་མཐུན་པའི་འགལ་ཟླ་ཡོད་མུས་རེད། ལྷག་པར་དུ་དེང་བལ་ཡུལ་ནང་གཞུང་འཛིན་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་སྟེ་བར་བརྒལ་གཞུང་གིས་འཛིན་སྐྱོང་བྱེད་བཞིན་པའི་སྐབས་འདིར་དམར་ཤོག་མའོ་ཚོགས་པས་ཚོགས་ཆེན་ནང་མའོའི་དྲག་འཐབ་པ་རྣམས་དེ་སྔ་ཕྱི་ལོ་༢༠༠༦་ལོར་སྲིད་དོན་ཚོགས་པ་རྣམས་ཀྱིས་བཞག་པའི་གྲོས་མཐུན་གྱི་འབྲུ་དོན་ལ་འགལ་འཛོལལ་དང་། རང་ཉིད་སོ་སོའི་སྡོད་སྒར་གྱི་སྒྲིག་གཞིར་བརྩི་མེད་བཏང་སྟེ་མའོའི་དམག་ཤོག་ཚོགས་པའི་ཚོགས་ཆེན་དུ་བཞུགས་པ་ཡིན་ན། བལ་ཡུལ་གྱི་བདེ་འཇགས་དང་ཞི་འགྲིག་ལས་དོན་ལ་དོ་ཕོག་འགྲོ་ཉེན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎