བལ་ཡུལ་ནང་ཕྱོགས་འགལ་ཚོགས་པ་དབར་ཡིད་ཆེས་མེད་པ།

ཕྱོགས་འགལ་ཚོགས་པ་ཁག་གི་དབར་ཕན་ཚུན་ཡིད་ཆེས་མེད་པའི་གནས་སྟངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བྱ་རིམ་ལ་འགོག་རྐྱེན་བཟོས་པ།

2010.09.08

༄༅༎བལ་ཡུལ་ནང་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལྕམ་ཀེ་རིན་ལེན་གེ་རེན་ཡིས་ བལ་ཡུལ་ནང་ཕྱོགས་འགལ་ཚོགས་པ་ཁག་གི་དབར་ཕན་ཚུན་ཡིད་ཆེས་མེད་པའི་གནས་སྟངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བྱ་རིམ་ལ་འགོག་རྐྱེན་བཟོ་ཡི་ཡོད་པ་མ་ཚད། བལ་ཡུལ་ནང་རྒྱུན་གནས་ཐུབ་པའི་ཞི་བདེ་སླར་གསོ་ཡོང་རྒྱུར་ཡང་ཉེན་ཁ་བཟོ་བཞིན་ཡོད་སྐོར་ཁ་ས་གསུངས་བཞག།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལ། ལྕམ་ཀེ་རིན་ལེན་གེ་རེན་ཡིས་བལ་ཡུལ་ནང་གི་ཆབ་སྲིད་གནས་སྟངས་ངོ་སྤྲོད་གནང་སྐབས། བལ་ཡུལ་ནང་གི་ཞི་བདེའི་བྱ་རིམ་ལ་གྲུབ་འབྲས་ཐོན་རྒྱུའི་རེ་བ་དེ་ཙམ་མེད་པ་དང༌། སྲིད་དོན་ཚོགས་པ་ཁག་གིས་ཀྱང་ཡུལ་ནང་ཞི་བདེ་སླར་གསོ་ཡོང་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་མེད་པའི་གནས་ལུགས་སྙན་སེང་ཞུས་གནང་འདུག།

ཉིན་གཉིས་གོང་བལ་ཡུལ་གྲོས་ཚོགས་ཀྱིས་སྲིད་བློན་འོས་འདེམས་ཐེངས་དྲུག་པ་ཞུ་རྩིས་བྱས་པར་ལམ་ལྷོང་བྱུང་མེད་པ་ལྟར། བལ་ཡུལ་ནང་གི་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལྕམ་ཀེ་རིན་ཡིས་ ད་ལྟའི་སྐབས་འདིར་ཉེན་ཁ་ཆེ་ཤོས་དེ་སྲིད་དོན་ཚོགས་སྡེ་ཁག་དབར་ཕན་ཚུན་ཡིད་ཆེས་མེད་པའི་གནས་སྟངས་ཆགས་ཡོད་པ་དང༌། དེས་རྐྱེན་པས་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་བྱ་རིམ་ལ་འགོག་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། སྲིད་དོན་ཚོགས་པ་ཁག་གིས་བལ་ཡུལ་ནང་ཞི་བདེ་སྔ་སོར་ཆུད་ཐབས་ཀྱི་འདོད་པ་ཡོད་ཚེ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ལས་དོན་མང་པོ་བྱེད་ཡག་ཡོད་སྐོར་གསུང་བཞག།

དེ་དང་ཕྱོགས་མཚུངས་བལ་ཡུལ་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བལ་པོའི་དཔུང་དམག་དང་མའོ་ཤོག་ཁག་གི་དམག་མིའི་ཐོག་རྟོག་ཞིབ་གནང་གི་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུའི་བལ་ཡུལ་གཞུང་གིས་གནོན་ཤུགས་སྤྲོད་བཞིན་ཡོད་པ་དེའི་ཐད་ལྕམ་ཀེ་རིན་གྱིས་བློ་འཚབ་གསལ་བཏོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎